མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཝང་ཅན་ཅོན་གྱིས་གསར་དུ་བསྐོས་པའི་ཟི་ལིང་གྲོང་ཁྱེར་སྤྱིའི་བཟོ་ཚོགས་ཀྱི་སྐབས་བཅུ་དྲུག་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་ཐུག་འཕྲད་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-29 11:20

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་ཉེར་བརྒྱད་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅོན་གྱིས་གསར་དུ་བསྐོས་པའི་ཟི་ལིང་གྲོང་ཁྱེར་སྤྱིའི་བཟོ་ཚོགས་ཀྱི་སྐབས་བཅུ་དྲུག་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་ཐུག་འཕྲད་བྱས།

ཝང་ཅན་ཅོན་གྱིས་ཨུ་ཡོན་རྣམས་ལ་སློབ་སྦྱོང་ལ་གཙིགས་འཛིན་དང་མུ་མཐུད་དུ་འབད་འཐབ། རྣམ་པ་གསར་སྐྲུན། ལས་བཟོ་བར་དྲོད་ཁོལ་སྐྱེལ་བ། ཧུར་ཐག་གིས་རིགས་བཞི་ཅན་གྱི་བཟོ་ཚོགས་འཛུགས་སྐྲུན་བྱེད་པ་བཅས་བྱས་ནས། མུ་མཐུད་དུ་གནས་བབ་གསར་བའི་འོག་གི་བཟོ་ཚོགས་བྱ་བའི་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་བའི་སྐུལ་མ་བཏང་། ཟི་ལིང་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་། ཟི་ལིང་གྲོང་ཁྱེར་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཧེ་ཧོང་། ཟི་ལིང་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཀྲང་ཡོང་ཧའེ་གཉིས་ཐུག་འཕྲད་ལ་ཞུགས།

ཝང་ཅན་ཅོན་གྱིས་གསར་བསྐོས་ཨུ་ཡོན་རྣམས་དང་རེ་རེ་བཞིན་ལག་འཇུ་བྱས་ནས་ཁོ་ཚོར་རྟེན་འབྲེལ་ཞུས། ཝང་ཅན་ཅོན་གྱིས་ཐོག་མར་ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཚབ་བྱས་ཏེ་ཚོགས་ཆེན་རྒྱལ་ཁའི་ངང་ཚོགས་པ་དང་། གསར་དུ་བསྐོས་པའི་ཟི་ལིང་གྲོང་ཁྱེར་སྤྱིའི་བཟོ་ཚོགས་ཀྱི་སྐབས་བཅུ་དྲུག་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་རྣམས་ལ་སེམས་སྟེང་ནས་སྨོན་འདུན་ཞུས་པ་དང་། ཟི་ལིང་གྲོང་ཁྱེར་སྤྱིའི་བཟོ་ཚོགས་ཀྱི་ལོ་ལྔའི་རིང་གི་བྱ་བར་ཁས་ལེན་གང་ལེགས་བྱས།

ཝང་ཅན་ཅོན་གྱིས་གསར་དུ་བསྐོས་པའི་ཨུ་ཡོན་རྣམས་ལ་རེ་བ་བཞི་བཏོན་པ་སྟེ། གཅིག སློབ་སྦྱོང་བྱེད་པར་གཙིགས་འཛིན་བྱེད་པ་དང་། གཉིས། མུ་མཐུད་དུ་འབད་འཐབ་བྱེད་པ། གསུམ། རྣམ་པ་གསར་སྐྲུན་བྱེད་པ། བཞི་ལས་བཟོ་བར་དྲོད་ཁོལ་སྐྱེལ་བ་བཅས་བྱེད་དགོས་ཟེར།

ཝང་ཅན་ཅོན་གྱིས་མཇུག་མཐར་བཤད་རྒྱུར། ཟི་ལིང་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གཉིས་ཀྱིས་སྔར་བཞིན་དུ་བཟོ་ཚོགས་ཀྱི་བྱ་བར་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། ཟི་ལིང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས། བཟོ་ཚོགས་ཀྱི་བྱ་བ་ཡང་ཇེ་བཟང་ནས་ཇེ་བཟང་ཡིན་པས། ཨུ་ཡོན་ཚོས་ཡིད་ཆེས་ཆེན་པོའི་སྒོ་ནས་གསར་སྐྲུན་དངོས་གཉེར་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པ། རྒྱ་ཆེའི་ལས་བཟོ་བ་ཚོ་དང་མཐུན་སྒྲིལ་བྱས་ནས་མི་དམངས་ཡིད་ཚིམ་པའི་འཚོ་བའི་གྲོང་ཁྱེར་དང་བདེ་སྐྱིད་གྲོང་ཁྱེར་ཞིག་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་བསྐྲུན་པར་སྐུལ་འདེད་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག