མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ལོ་ཆུང་གཞོན་ནུའི་སློབ་གླིང་གི་རྐང་རྩེད་སྤོ་ལོ་བྱ་བའི་གྲོས་ཚོགས་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-29 11:20

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་ཉེར་དྲུག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ལོ་ཆུང་གཞོན་ནུའི་སློབ་གླིང་གི་རྐང་རྩེད་སྤོ་ལོ་བྱ་བའི་ཁ་པར་བརྙན་འཕྲིན་གྲོས་ཚོགས་བསྡུས་རྗེས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ལོ་ཆུང་གཞོན་ནུའི་རྐང་རྩེད་སྤོ་ལོ་བྱ་བའི་གྲོས་ཚོགས་བསྡུས་ཤིང་། རྒྱལ་ཡོངས་ལོ་ཆུང་གཞོན་ནུའི་སློབ་གླིང་གི་རྐང་རྩེད་སྤོ་ལོ་བྱ་བའི་ཁ་པར་བརྙན་འཕྲིན་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དངོས་འབེབས་དང་དེར་བཀོད་སྒྲིག་འཐུས་སྒོ་ཚང་བ་བྱས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་མཱ་ཧྲོན་ཆིན་ཚོགས་འདུར་ཞུགས་ནས་གཏམ་བཤད། གྲོས་ཚོགས་ལས་བསྟན་དོན། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར། སློབ་གླིང་ཁག་གི་ན་ཆུང་གཞོན་ནུའི་རྐང་རྩེད་སྤོ་ལོ་བྱ་བ་དམ་པོར་འཛིན་པ་ནས་མགོ་རྩོམ་དགོས། ལོ་ཆུང་གཞོན་ནུའི་སློབ་གླིང་གི་རྐང་རྩེད་སྤོ་ལོའི་ལུས་རྩལ་བདེ་ཐང་ངང་འཕེལ་རྒྱས་སུ་བཏང་ནས། ལོ་ཆུང་གཞོན་ནུའི་འདུ་ཤེས་ཇེ་བརྟན་དང་དཀའ་སྤྱད་སྡུག་རུས་བྱེད་ཕོད་པའི་སྙིང་སྟོབས་གསོ་སྐྱོང་། ལུས་སེམས་གཉིས་མཐུན་འཇུག་ཡག་པོ་ཡོང་བ་བཅས་ཀྱི་སེམས་ཁམས་གྲུབ་པར་འབད་དགོས་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག