མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྨ་ཆེན་རྫོང་གིས་སྡེ་བའི་ལས་བྱེད་པ་བདུན་བཅུ་ལ་གསོ་སྦྱོང་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-29 11:19

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གིས་རྫོང་ཡོངས་ཀྱི་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་སྐབས་བརྗེ་རྗེས་ཀྱི་བྱ་བའི་དགོས་མཁོ་ལ་ཤུགས་སྣོན་པར་དམིགས་ནས། ཉེ་ལམ་རྫོང་ཡོངས་ཀྱི་སྡེ་བ་སོ་ལྔའི་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་བདུན་ཅུ་ལ་དུས་ཡུན་ཉིན་བཞིའི་གསོ་སྦྱོང་འཛིན་གྲྭ་བསྒྲུབས།

ཐེངས་འདིའི་གསོ་སྦྱོང་ཁྲོད་གཙོ་བོ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་བཅས་ལ་སློབ་སྦྱོང་བྱས་པ་དང་། གཞི་རིམ་རྩ་འཛུགས་འཛུགས་སྐྲུན་དང་གཞི་རིམ་ཏང་གི་ལས་དོན་སོགས་བྱ་བའི་བརྒྱུད་རིམ་འགྲེལ་བཤད་བྱས་པ་མ་ཟད། བཞུགས་མོལ་ཚོགས་འདུ་བསྡུས་པ་དང་མྱོང་ཚོར་འབྲི་བ་སོགས་ཀྱི་རྣམ་པ་བརྒྱུད་དེ། སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་ཚན་ཁག་གི་བསམ་བློ་ཆབ་སྲིད་བྱང་ཚད་མཐོར་འདེགས་བྱས། རོང་འབྲོག་ཁུལ་གྱི་གཞི་རིམ་བྱ་བའི་ཞིབ་ཕྲའི་གནས་ཚུལ་དངོས་ལ་དམིགས་ནས། གསོ་སྦྱོང་ཁྲོད་གཞུང་ཡིག་འབྲི་ཐབས་དང་། ནོར་དོན་དོ་དམ། མང་ཚོགས་བྱ་བ་སོགས་ཐད་ཀྱི་ལས་སྒོའི་ཤེས་བྱའི་སློབ་ཁྲིད་བྱེད་པ་དང་། རྩིས་འཁོར་གྱི་བཀོལ་སྤྱོད་ལག་རྩལ་གྱི་རིམ་པ་ཐོག་མའི་གསོ་སྦྱོང་དང་ཞིང་སྡེའི་བཀོལ་སྤྱོད་ལག་རྩལ་གསོ་སྦྱོང་སྤེལ་ནས། སྡེ་བའི་ལས་བྱེད་པའི་ལས་སྒོའི་ནུས་པ་དང་སྣེ་ཁྲིད་ནས་ཕྱུག་པོར་བསྒྱུར་བའི་ནུས་པ་ཇེ་ཆེར་བཏང་། ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་རྩྭ་ཐང་གི་བྱ་དགའི་རང་བཞིན་གྱི་ཁ་གསབ་སྒྲིག་སྲོལ་དང་། ནགས་དབང་ལམ་ལུགས་བཅོས་བསྒྱུར་། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་སློབ་གསོའི་གྲོན་དངུལ་འགན་སྲུང་ཁ་གསབ། ས་གཞན་ནས་སློབ་གྲྭ་བསྒྲུབས་པའི་ཁ་གསབ་སྒྲིག་སྲོལ། སློབ་མའི་སྐྱེ་ཁུངས་ས་ཆའི་ཡིད་རྟོན་སློབ་རོགས་དངུལ་བུན་གྱི་གོ་རིམ་སོགས་ཀྱི་སྲིད་ཇུས་དང་ཁྲིམས་སྲོལ་ཤེས་བྱའི་སློབ་ཁྲིད་བྱེད་པ་དང་། ཉེ་འགྲམ་གྱི་དཔེ་མཚོན་དང་ཟུང་འབྲེལ་བྱེད་པ་བརྒྱུད་ནས། གསོ་སྦྱོང་ལ་ཞུགས་པའི་སྡེ་བའི་ལས་བྱེད་པ་ཚོར་ད་ལྟའི་ཞིང་སྡེའི་ལས་བྱེད་པའི་འགན་ནུས་ལས་འགན་གསལ་བོར་ཤེས་སུ་བཅུག་པ་དང་། ཁོ་ཚོ་སྒྲིག་ཁྲིམས་བརྩི་སྲུང་བྱེད་པའི་སྣེ་ཁྲིད་མི་སྣ་བྱེད་པར་སྐུལ་འདེད་བྱས་ནས། ཁོ་ཚོའི་སྲིད་འཛིན་ནུས་པ་མཐོར་འདེགས་བྱེད་པར་རྨང་གཞི་བརྟན་པོ་བཏིངས།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག