ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་11ཚེས་26ཉིན་གློག་འཕྲིན་འབྱོར་གསལ།གསར་འགོད་པར་ཚེས་26ཉིན་མཚོ་སྔོན་ཞིང་ཆེན་འཕྲིན་གཏོང་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར་མིག་སྔར་མཚོ་སྔོན་ཞིང་ཆེན་གྱི་ཞིང་འབྲོག་ཁུལ་གྱི་སྲིད་འཛིན་གྲོང་ཚོའི་དྲ་ཆེན་དྲ་རྒྱ་ཤར་གཏོང་ཐུབ་ཚད་90%ཟིན་ནས་ཞིང་འབྲོག་ཁུལ་དུད་ཚང་ཁྲི་4.7དྲ་སྦྲེལ་དྲ་བའི་དུས་རབས་སུ་སླེབས་པ་རེད།
2013ལོའི་ལོ་མཇུག་ཏུ“དྲ་ཆེན་མཚོ་སྔོན་བསྐྲུན་ནས་ཆ་འཕྲིན་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི”འཐབ་ཇུས་ལག་བསྟར་བྱས་རྗེས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་90.43བཏང་ནས་དྲ་ཆེན་གྱི་དྲ་སྦྲེལ་དྲ་བ་དང་སྒུལ་བདེའི་དྲ་སྦྲེལ་དྲ་བ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཁྲོད་སྤྱད་པ་རེད།ཞིང་འབྲོག་ཁུལ་དུ་དྲ་ཆེན་དྲ་སྦྲེལ་དྲ་བ་དུད་ཚང་ཁྲི་4.7ལ་ཁྱབ་པ་དང་སྒུལ་བདེའི་དྲ་སྦྲེལ་དྲ་བ་སྤྱོད་མཁན་ཁྱབ་གདལ་གཏོང་ཚད་42.8%ཟིན་ཡོད་པ་རེད།
དྲ་རྒྱའི་འཕྲིན་གཏོང་སྒྲིག་བཀོད་འཛུགས་སྐྲུན་དང་འཐུས་ཚང་དུ་བཏང་བ་དེས་མཚོ་སྔོན་གྱི་ཞིང་འབྲོག་ཁུལ་ལ་འབབ་འཕར་ཐབས་ལམ་གསར་པ་ཞིག་བཏོད་ཡོད་པ་རེད།གསར་འགོད་པས་བཅར་འདྲི་བྱེད་སྐབས་ད་ཆ་ཞིང་འབྲོག་པ་ཇེ་མང་ཞིག་གིས་དྲ་སྦྲེལ་དྲ་བའི་ཐོག་གློག་རྡུལ་ཚོང་དོན་སྟེགས་བུ་སྤྱད་དེ་ལུག་ཤ་དང་།ཚགས་ཤའདྲེ་ཚེར་མ་ནག་པོ་སོགས་ཁྱད་ལྡན་ཐོན་ཟོག་རྒྱལ་ཡོངས་སུ་ཕྱིར་ཚོང་བྱེད་ཀྱི་ཡོད་པ་ཤེས་རྟོགས་ཐུབ་ཡོད།
མཚོ་སྔོན་དུ་དྲ་རྒྱའི་འཕྲལ་སྡོམ་གེགས་སེལ་ཆ་འཕྲིན་ཅན་གྱི་སྟེགས་བུ་དང་ས་ཁམས་ཆ་འཕྲིན་གྱི་སྤྱི་པའི་ཞབས་ཞུའི་སྟེགས་བུ་སོགས་མ་ལག་དེ་2015ལོར་བསྐྲུན་ཐུབ་ནས་ཞིང་འབྲོག་པར་ཞབས་ཞུ་དེ་བས་མང་བ་ཐུབ་རེ་ཡོད་པ་རེད།
རྩོམ་སྒྲིག་པ། མགོན་པོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།