མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྨ་ཆུའི་གཞོང་སའི་ལས་གཞི་ཆེན་པོ་དང་ཆུ་བེད་བཟོ་སྐྲུན་གཙོ་བོའི་འཛུགས་སྐྲུན་གྱི་ཡུལ་དངོས་ལྟ་སྦྱོང་སྐུལ་འདེད་གྲོས་ཚོགས་ཟི་ལིང་ནས་བསྡུས།

ཤ་བོ་རིན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-28 10:45

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རྨ་ཆུའི་གཞོང་སའི་ལས་གཞི་ཆེན་པོ་དང་ཆུ་བེད་བཟོ་སྐྲུན་གཙོ་བོའི་འཛུགས་སྐྲུན་གྱི་ཡུལ་དངོས་ལྟ་སྦྱོང་སྐུལ་འདེད་གྲོས་ཚོགས་ཟླ་བཅུ་གཅིག་པའི་ཚེས་ཉེར་དྲུག་ཉིན་ཟི་ལིང་ནས་ཚོགས། ཚོགས་ཞུགས་འཐུས་མི་ཚོས་མིན་ཧི་དང་ཞོན་ཧྭ། དཔའ་ལུང་། གཅན་ཚ། ཁྲི་ཀ་བཅས་རྫོང་ལྔའི་ས་ཞིང་ལེགས་སྒྲིག་དང་ཆུ་བེད་བཟོ་སྐྲུན་ལས་གཞིའི་འཛུགས་སྐྲུན་ལ་ཡུལ་དངོས་ལྟ་སྦྱོང་བྱས། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་སྐུལ་འདེད་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཡན་ཅིན་ཧེ་ཡིས་བསྟན་དོན། ད་ལོའི་ཚུན་ནས། རྨ་ཆུའི་གཞོང་སའི་མུའུ་ས་ཡ་གཅིག་གི་ལས་གཞི་ལག་བསྟར་སྡེ་ཁག་གིས། འགན་འཁྲི་གསལ་བོ་དང་ཤུགས་འདོན་ཚད་ཇེ་ཆེར་བཏང་བས། ལས་གཞིའི་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་མི་དམན་པ་བླངས་བ་དང་། རྒྱུན་མཐུད་ནས་གོང་འཕེལ་དུ་སོང་ཟེར། ཁོས་ནན་གྱིས་བསྟན་དོན། གོམ་རིམ་རྗེས་མར། ས་ཆ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཧྲིན་ཀྲང་ཧའོ་ཕིན་གྱི་མཛུབ་སྟོན་དགོངས་དོན་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཆད་ལྷག་ལ་ངོས་ཟིན་གསལ་བོ་བྱས་ནས། བྱ་བའི་བྲེལ་འཚུབ་རང་བཞིན་དང་འགན་འཁྲི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། དམིགས་འབེན་དམ་འཛིན་བྱད་པ། འགན་འཁྲི་ལག་བསྟར་བྱེད་པ། སྟོབས་ཤུགས་ཡོད་རྒུས་འཛུགས་སྐྲུན་བྱས་ཏེ། དུས་རིམ་དང་པོའི་དམིགས་འབེན་ལས་འགན་ཕྱོགས་ཡོངས་ནས་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག