མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཀྲུའུ་ཞིའི་རྒྱ་བསྐྱེད་གྲོས་ཚོགས་བསྡུས་ནས་ལོ་ཧོས་ཉིན་གྱི་གཏམ་བཤད་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་བྱས།

རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-28 10:29

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་ཉེར་བདུན་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཀྲུའུ་ཞི་རྒྱ་བསྐྱེད་གྲོས་ཚོགས་བསྡུས་ནས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་གྱི་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གྲོས་བཙུགས་ནས་ལོ་འཁོར་རེ་ལྔ་ལོན་པའི་ཚོགས་ཆེན་སྟེང་གི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲིན་ཙི་ཆོན་དང་རིན་ཆེན་རྣམ་རྒྱལ། ལིས་ཞོན་ཧྲིན། ཀྲང་ཧྲིག་ཁྲིན། གཟིམ་ཁང་ཚང་། དྲུང་ཡིག་ཆེན་མོ་ཝང་ཅིན་བཅས་གྲོས་ཚོགས་ལ་ཞུགས།

རིན་ཆེན་རྒྱལ་གྱིས་ཞིང་ཆེན་སྲིད་གྲོས་ཀྱིས་གཏམ་བཤད་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཐད་རེ་བ་བཞི་བཏོན་པ་སྟེ། གཅིག་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་མི་དམངས་སྲིད་གྲོས་བཙུགས་ནས་ལོ་འཁོར་རེ་ལྔ་ལོན་པའི་ཚོགས་ཆེན་སྟེང་གི་གསུངས་བཤད་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། ཧུར་ཐག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་དགོངས་དོན་དེ་མཚོ་སྔོན་ནས་མི་དམངས་སྲིད་གྲོས་ཀྱི་ལམ་བུ་གལ་ཆེན་བརྒྱུད་དེ་གྲོས་མོལ་དམངས་གཙོའི་ལག་ལེན་ཁྲོད་གྲུབ་འབྲས་བཟང་བོ་ལེན་ཐུབ་པར་བྱེད་དགོས། གཉིས་ནི་དུས་རབས་ཕྱེད་ཀའི་ཚུན་གྱི་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གྲོས་ཀྱི་ལས་དོན་ཐད་ཀྱི་ཉམས་མྱོང་ལ་མུ་མཐུད་ནས་སྤྱི་བསྡོམས་བྱེད་པ་དང་། མི་དམངས་སྲིད་གྲོས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རྒྱུད་འཛིན་དང་དར་སྤེལ་བྱས་ནས། ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་རྒྱུན་འཁྱོངས་བཟང་བོ་དང་འཐུས་ཚང་དུ་གཏོང་བ་དང་། གྲོས་མོལ་དམངས་གཙོའི་ལམ་བུ་གལ་ཆེན་བེད་སྤྱོད་བཟང་བོ་དང་འདོན་སྤེལ་གང་ལེགས་བྱེད་པ། ཆེས་རྒྱ་ཆེ་བའི་རྒྱལ་གཅེས་གཅིག་གྱུར་འཐབ་ཕྱོགས་སྲ་བརྟན་དང་གོང་འཕེལ་དུ་གཏོང་དགོས། གསུམ་ནི་བསམ་ཕྱོགས་སྔར་ལས་ཇེ་གསལ་དང་ལས་འགན་སྔར་ལས་གསལ་བོ་བྱེད་པ་དང་། ཏང་ཨུ་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དང་མི་དམངས་མང་ཚོགས་ཀྱི་རེ་བར་མཐུན་པར་བྱེད་པ། སྐྱེ་ཁམས་སྲུང་སྐྱོང་གོ་གནས་དང་པོར་འཇོག་པ་དང་། ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་དང་བཅོས་བསྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་ཁྱབ་ཁོངས་གཙོ་བོ་དང་། གནད་འགག་དུས་རིམ། གནད་དོན་ཆེན་པོ་དང་དམ་དུ་དམིགས་ནས། ཞིབ་བཤེར་ཞིབ་འཇུག་ནན་མོ་བྱེད་པ་དང་། འགན་ནུས་བསྒྲུབ་པ་དང་ཇུས་འབུལ་ཤུགས་འདོན་བྱེད་དགོས། བཞི་ནི་འགན་ནུས་བསྒྲུབ་པའི་ནུས་པའི་འཛུགས་སྐྲུན་ཐད་ཤུགས་བསྣན་ནས། འགན་ནུས་བསྒྲུབ་པའི་རྣམ་པར་ལེགས་བཅོས་དང་འགན་བསྒྲུབ་ནུས་པ་མཐོར་འདེགས་བྱེད་དགོས། མུ་མཐུད་ནས་ཀུན་སྤྱོད་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། མི་དམངས་སྲིད་གྲོས་ཀྱི་སྣང་བརྙན་བཟང་བོ་བསྐྲུན་ནས། ཧུར་ཐག་གིས་རང་སྟེང་འཛུགས་སྐྲུན་དང་འགན་སྒྲུབ་ནུས་པ་ཆུ་ཚད་གསར་བ་ཞིག་ཏུ་སླེབས་པར་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག