མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཉེན་སྲུང་ལས་རིགས་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་ཆེད་དོན་གྲོས་ཚོགས་བསྡུས།

རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-26 11:00

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་ཉེར་བཞི་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་ཉེན་སྲུང་ལས་རིགས་འཕེལ་རྒྱས་སུ་གཏོང་བའི་ཆེད་དོན་གྲོས་ཚོགས་བསྡུས། ཚོགས་ཐོག་ནས་རང་ཞིང་གི་ཉེན་སྲུང་ཚོང་རའི་འཕེལ་རྒྱས་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་དེང་རབས་ཉེན་སྲུང་ཞབས་ཞུ་ལས་རིགས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར་ལ་གྲོས་བསྡུར། ལས་འགན་བགོ་བཤའི་ཇུས་གཞི་དང་སང་ལོའི་བྱ་བ་གཙོ་བའི་བཀོད་སྒྲིག་ལ་ཞིབ་འཇུག་དང་གཏན་ཁེལ་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཞའོ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད།

ཚོགས་ཐོག་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འགྲེམ་སྤེལ་བྱས་པའི་དེང་རབས་ཉེན་སྲུང་ཞབས་ཞུ་ལས་རིགས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར་འགའ་དང་ཚོང་ལས་བདེ་ཐང་ཉེན་སྲུང་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་བསམ་འཆར་འགའ་ཡིས། མཚོ་སྔོན་ཞིང་ཆེན་གྱིས་ཉེན་སྲུང་གི་བྱེད་ཐབས་བཀོལ་སྤྱོད་བྱས་ནས། ཉེན་ཁར་དོ་དམ་དང་རྒྱུ་ནོར་དོ་དམ་བྱེད་པར་ཤུགས་སྣོན་པ་དང་། རྒྱུ་སྤུས་དང་ཆུ་ཚད་མཐོར་འདེགས་དང་འགན་སྲུང་བྱེད་པ། སྤྱི་བའི་ཞབས་ཞུ་ལེགས་བསྒྱུར་བྱེད་པ། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་པ་བཅས་ཀྱི་ཐད་གོ་སྐབས་གལ་ཆེན་འདོན་སྤྲོད་བྱས་ཞེས་བསྟན།

ཚོགས་ཐོག་ནས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱི་ཉེན་སྲུང་ལས་རིགས་ཀྱི་གཞི་ཁྱོན་རིམ་བཞིན་ཇེ་ཆེར་སོང་བ་དང། ཅུང་མགྱོགས་པའི་སྒོ་ནས་གོང་འཕེལ་དུ་སོང་ནས་གྲུབ་འབྲས་ཅུང་ཆེན་པོ་བླངས་ཡོད་ན་ཡང་། རྒྱལ་ཡོངས་དང་ནུབ་བྱང་ས་ཁུལ་དང་བསྡུར་ན་ད་དུང་ཅུང་རྗེས་ལུས་ཡིནཔས། ང་ཚོས་འབྲེལ་ཡོད་ཀྱི་སྲིད་ཇུས་བཀོལ་སྤྱོད་བཟང་བོ་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་ཉེན་སྲུང་ཞབས་ཞུའི་ལས་རིགས་ཐད་ནས་མཆོང་བརྒལ་རིང་བཞིན་གྱི་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྐུལ་འདེད་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག