ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚོགས་ཡུན་ཉིན་བཞི་ཡིན་པའི་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཉིས་པའི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་བ་ཟླ་བཅུ་གཅིག་པའི་ཚེས་ཉེར་བཞི་ཉིན་ཟི་ལིང་ནས་ཚོགས་མགོ་བརྩམས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མུའུ་ཏུང་ཧྲིན་དང་། སྟག་འབུམ་ཐར། དབང་མོ། ཚའོ་ཝུན་ཧུའུ། མཱ་ཝེ། ཚའོ་ཧོང་། དྲུང་ཡིག་ཆེན་མོ་ཚའེ་ཏི་ཀོས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཞེ་གཉིས་བཅས་གྲོས་ཚོགས་ཞུགས།
ཐེངས་འདིའི་གྲོས་ཚོགས་ཀྱི་གྲོས་རིམ་བསྡོམས་པས་བཅུ་དྲུག་ཡོད་དེ། «མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྐུལ་འདེད་སྲོལ་ཡིག་གི་འཆར་ཟིན»དང«མཚོ་སྔོན་ཞིང་ཆེན་གནམ་གཤིས་གནོད་འཚེ་ལ་སྔོན་འགོག་བྱེད་པའི་སྲོལ་ཡིག་གི་འཆར་ཟིན»དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་འཚོག་པའི་སྐོར་གྱི་ཆོད་དོན་གྱི་འཆར་ཟིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་འཐུས་མིའི་གྲོས་གཞི་དང་སྐྱོན་བརྗོད། བསམ་འཆར་ལག་བསྟར་བྱེད་པའི་གནས་ཚུལ་ལ་ལྟ་སྐུལ་བྱེད་པའི་སྐོར་གྱི་ཡིག་ཐོག་སྙན་ཞུ། མི་དོན་བསྐོ་འཐེན་གྲོས་གཞི་བཅས་ལ་གྲོས་བསྡུར་བྱས་པ་དང་། «ཟི་ལིང་གྲོང་ཁྱེར་གྱིས་དུ་བ་འཐེན་པར་ཚོད་འཛིན་བྱེད་པའི་སྲོལ་ཡིག»དང«མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག»ལ་ཞིབ་བཤེར་མཆན་འགོད་བྱས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་འཐུས་མི་ཁ་ཤས་ཀྱི་ཐོབ་ཐང་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་ཞིབ་བཤེར་སྙན་ཞུ་དང་། ཞིང་ཆེན་མི་དམངས་སྲིད་གཞུང་གི་མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་འཆར་འགོད་ལག་བསྟར་གནས་ཚུལ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་སྔོན་རྩིས་དམིགས་ཚད་ལ་ལེགས་སྒྲིག་བྱེད་པའི་སྐོར་གྱི་སྙན་ཞུ། མཚོ་སྔོན་ཞིང་ཆེན་གྱི2014ལོའི་ཟླ་དང་པོ་ནས་ཟླ་བཅུ་གཅིག་རིང་གི་ནོར་སྲིད་སྔོན་རྩིས་ལག་བསྟར་གནས་ཚུལ་སྐོར་གྱི་སྙན་ཞུ། མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཐོ་ལམ་ལུགས་བཅོས་བསྒྱུར་བྱ་བ་སྤེལ་བའི་སྐོར་གྱི་ཆེད་དོན་སྙན་ཞུ་ཐད་ཀྱི་གྲོས་བསྡུར་བསམ་འཆར་དང་ཆེད་དོན་འདྲི་ཞིབ་ལན་འདེབས་བྱ་བའི་ལག་བསྟར་གནས་ཚུལ་གྱི་སྙན་ཞུ། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་ལག་བསྟར་གནས་ཚུལ་སྐོར་གྱི་སྙན་ཞུ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་འཐུས་མིའི་གྲོས་གཞི་དང་སྐྱོན་བརྗོད། བསམ་འཆར་ལག་བསྟར་བྱེད་པའི་གནས་ཚུལ་གྱི་སྙན་ཞུ། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་ལྐོག་ངན་ལ་ངོ་རྒོལ་བྱེད་པའི་བྱ་བའི་གནས་ཚུལ་གྱི་སྙན་ཞུ་བཅས་ལ་ཉན་པ་དང་གྲོས་བསྡུར་བྱས་ལ། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་ཟུར་ཞུགས་མི་སྣའི་མིང་ཐོའི་འཆར་ཟིན་གཏན་ཁེལ་བྱས།
ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་རིམ་པ་བཞིན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་མཱ་ཝེ་ཡིས་ཕུལ་བའི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་ལ་ཞིབ་བཤེར་བྱས་པའི་ཐད་ཀྱི་སྙན་ཞུ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་ཁོར་ཡུག་ཐོན་ཁུངས་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལིག་ཝེ་མིན་གྱི་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྐུལ་འདེད་སྲོལ་ཡིག་གི་འཆར་ཟིན་སྐོར་གྱི་གསལ་བཤད། ཞིང་ཆེན་གནམ་གཤིས་ཅུའུ་ཡི་ཅུའུ་ཀྲང་ཞའེ་ཧྲུང་ཐིན་གྱི«མཚོ་སྔོན་ཞིང་ཆེན་གནམ་གཤིས་གནོད་འཚེའི་འགོག་རྒོལ་སྲོལ་ཡིག་གི་འཆར་ཟིན»སྐོར་གྱི་གསལ་བཤད། ཟི་ལིང་གྲོང་ཁྱེར་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀའོ་ཡུས་མེ་ཡི«ཟི་ལིང་གྲོང་ཁྱེར་གྱིས་དུ་བ་འཐེན་པར་ཚོད་འཛིན་བྱེད་པའི་སྲོལ་ཡིག»སྐོར་གྱི་གསལ་བཤད། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཆི་ཅན་ཞིན་གྱི«མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག»གི་གསལ་བཤད། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཧེ་ཁོང་གིས་ཕུལ་བའི་རང་ཞིང་གི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་འཆར་འགོད་ལག་བསྟར་གནས་ཚུལ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་སྔོན་རྩིས་དམིགས་ཚད་ལེགས་སྒྲིག་བྱེད་པའི་སྐོར་གྱི་བསམ་འཆར་གྱི་སྙན་ཞུ་བཅས་ལ་ཉན།
ཚོགས་ཐོག་ནས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་ཞིང་ཕྱུགས་ལས་ཨུ་ཡོན་ལྷན་ཁང་གི«མཚོ་སྔོན་ཞིང་ཆེན་གནམ་གཤིས་གནོད་འཚེར་འགོག་རྒོལ་བྱེད་པའི་སྲོལ་ཡིག་གི་འཆར་ཟིན»སྐོར་གྱི་གྲོས་བསྡུར་བསམ་འཆར་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི«ཟི་ལིང་གྲོང་ཁྱེར་གྱིས་དུ་བ་འཐེན་པར་ཚོད་འཛིན་བྱེད་པའི་སྲོལ་ཡིག»སྐོར་གྱི་ཞིབ་བཤེར་སྙན་ཞུ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་མི་རིགས་ཕྱིར་སྡོད་རང་མིའི་ལས་དོན་ཨུ་ཡོན་ལྷན་ཁང་གི«མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག»སྐོར་གྱི་ཞིབ་བཤེར་སྙན་ཞུ་བཅས་པར་སྐྲུན་འགྲེམ་སྤེལ་བྱས།
ཧྲིན་ཀྲང་གཞོན་པ་མཱ་ཧྲོན་ཆིན་དང་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཏུང་ཁེ་ཅོན། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་ཝང་ཞའོ་ཡུང་། མཚོ་སྔོན་ན་ཡོད་པའི་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཁག་ཅིག་བཅས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་ཟུར་ཞུགས་བྱས། །
རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།