མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་ཟི་ལིང་ནས་ཚོགས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རརླུང་འཕྲིན།  2014-11-22 12:22

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་ཚེས་བཅུ་དགུ་ནས་ཚེས་ཉེར་གཅིག་ཉིན་བར་ཟི་ལིང་ནས་ཚོགས། 

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་ཚེས་བཅུ་དགུ་ནས་ཚེས་ཉེར་གཅིག་ཉིན་བར་ཟི་ལིང་ནས་ཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་ཚེས་བཅུ་དགུ་ནས་ཚེས་ཉེར་གཅིག་ཉིན་བར་ཟི་ལིང་ནས་ཚོགས། གྲོས་ཚོགས་ནས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་ནན་མོ་བྱས་པ་དང་། «ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བས་གཏན་ལ་ཕབ་པའི་ཕྱོགས་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་བྱ་བ་ཡར་སྐུལ་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར»ལ་གྲོས་ཞིབ་བྱས་ནས། ཕྱོགས་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་བྱ་བ་ཡར་སྐུལ་བྱེད་པ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པའི་བྱ་བ་བཀོད་སྒྲིག་བྱས་པ་མ་ཟད། ད་ལོའི་བྱ་བ་བཟང་བོར་སྒྲུབ་པའི་ཐད་ཀྱི་བྱ་བ་བཀོད་སྒྲིག་བྱས།

 ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་གྱིས་མགོ་འཛིན་བྱས་པ་མ་ཟད་གཏམ་བཤད་གལ་ཆེན་ཐེངས་གསུམ་སྤེལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཧའོ་ཕིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཅན་ཅོན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལོ་ཡུས་ལིན། ཅི་ཏི་མ་ཅ། ཝང་ལིན་ཅོན། ཝང་ཞོ་ཆིན། མཱ་ཧྲོན་ཆིན། ཝང་ཞོ། སུའུ་ཉིན། བསྟན་ཁོ། ལིས་སུང་ཧྲན་སོགས་གྲོས་ཚོགས་སུ་ཞུགས།

ཚང་འཛོམས་གྲོས་ཚོགས་ནས་བསྟན་དོན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བས་གྲོས་འཆམ་བྱུང་བའི་ཆོད་དོན་ནི། ང་ཚོ་ཏང་གི་ལོ་རྒྱུས་སྟེང་དུ་ཁྲིམས་སྐྱོང་འཛུགས་སྐྲུན་བྱ་བར་ཤུགས་སྣོན་པའི་སྐོར་ཆེད་དུ་གཏན་ཁེལ་བྱས་པ་དང་པོ་ཡིན་ལ། གནས་བབ་གསར་བའི་འོག་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བྱ་བ་ཡར་སྐུལ་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཡང་རེད། སྔར་ལས་བཟང་བོའི་སྒོ་ནས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཚང་འཛོམས་གྲོས་ཚོགས་སྟེང་གནང་བའི་གསུངས་བཤད་གལ་ཆེན་ལ་སློབ་སྦྱོང་དང་དེར་གོ་བ་ཟབ་མོ་ལེན་ཆེད། མཚོ་སྔོན་གྱི་དོན་དངོས་དང་འབྲེལ་མཐུད་བྱེད་པ་དང་། དངོས་འབེབས་བྱ་བའི་ཐད་ནས་འབད་པ་བྱེད་པ། ཕན་འབྲས་ལེན་པར་བྱེད་དགོས་ན། ངེས་པར་དུ་མཚོ་སྔོན་གྱི་ལག་བསྟར་བསམ་འཆར་གཏན་ལ་ཕབ་ནས། ཕྱོགས་སོ་སོའི་བསམ་བློ་དང་བྱ་སྤྱོད་གཉིས་སྔར་ལས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བཀོད་སྒྲིག་ཆེན་པོ་དང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་བྱ་བ་ཡར་སྐུལ་བྱེད་པའི་སྟེང་དུ་གཅིག་གྱུར་བྱེད་དགོས།དེང་སྐབས་མཚོ་སྔོན་ཞིང་ཆེན་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལེགས་འགྲུབ་བྱེད་པའི་གནད་འགག་གི་དུས་སྐབས་སུ་བསླེབས་པས། ཁྲིམས་སྐྱོང་སྣེ་ཁྲིད་དང་། ཚད་ལྡན་འགན་སྲུང་གི་ནུས་པ་གང་ལེགས་སྒོས་འདོན་སྤེལ་བྱེད་པ་དང་། ཁྲིམས་སྐྱོང་ཏེ་བཅོས་སྒྱུར་གྱི་ཐུན་མོང་ལྟ་བ་གཅིག་གྱུར་བྱེད་པ། འཕེལ་རྒྱས་ཀྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོང་བྱས་ཚེ། ད་གཟོད་སྤྱི་ཚོགས་ཡོངས་སྐྱེ་སྟོབས་འབར་བ་དང་གོ་རིམ་ཡོད་པའི་སྒོ་ནས་ང་ཚོའི་ལས་དོན་འཕེལ་རྒྱས་དང་དར་རྒྱས་སུ་གཏོང་ཐུབ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མཚོ་སྔོན་རྒྱུན་འཁྱོངས་བཟང་བོ་དང་གསར་གཏོད་བཟང་བོ་བྱེད་པའི་ཚད་མཐོན་པོ་ནས། གཏན་ལ་ཕབ་པའི་ལག་བསྟར་བསམ་འཆར་གྱི་དོན་སྙིང་གལ་ཆེན་ལ་ངོས་ཟིན་གང་ལེགས་བྱས་ཏེ། རྒྱུན་ཆད་མེད་པར་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་བྱ་བ་ཕྱོགས་ཡོངས་ནས་ཡར་སྐུལ་བྱེད་དགོས་ཟེར།

ཚང་འཛོམས་གྲོས་ཚོགས་ནས་བསྟན་དོན། ལག་བསྟར་བསམ་འཆར་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་དུ་བསྐྱོད་པར་དམིགས་ནས། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་དམིགས་འབེན་མངོན་འགྱུར་བྱེད་པ། ཁྲིམས་སྐྱོང་བྱ་བ་དེ་ཞིང་ཆེན་ཡོངས་ཀྱི་བྱ་བའི་ཆེ་ཕྱོགས་སུ་བཞག་ཏེ་འཆར་གཞི་འཐེན་དགོས་པ་དང་། ཁྲིམས་ལུགས་གཅིག་གྱུར་གྱི་རྩ་དོན་ལྟར། བསམ་བློ་མཛུབ་སྟོན་དང་། དམིགས་འབེན་གཙོ་བོ། ལས་འགན་བྱེད་ཐབས་སྟེང་ནས་ཀྲུང་དབྱང་གི་རེ་བ་དང་བཀོད་སྒྲིག་ལ་བརྩི་སྲུང་བྱས་པ་མ་ཟད། གྲུབ་ཚུལ་གྱི་ཇུས་འགོད་དང་། འབྲེལ་ཡོད་ནང་དོན་ཁ་གསབ་བྱས་པ་དང་དེ་མིན་བྱེད་ཐབས་འོས་འཚམ་ཞིབ་རྒྱས་ཅན་དུ་བསྒྱུར་ནས། མཚོ་སྔོན་གྱི་ཁྱད་ཆོས་མངོན་པ་མ་ཟད་བྱ་བ་སྒྲུབ་སྟངས་ཇེ་དྲག་ཏུ་བཏང་ནས། སྔར་ལས་བཟང་བོའི་སྒོ་ནས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བས་གཏན་ལ་ཕབ་པའི་དགོངས་དོན་ལག་བསྟར་དང་བཀོལ་སྤྱོད་བྱེད་པར་ཕན་ཟེར།

 ཚང་འཛོམས་གྲོས་ཚོགས་ནས་ལག་བསྟར་བསམ་འཆར་གྱི་རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་དགོས། ཏང་གི་གཅིག་གྱུར་མགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས་པ་དང་། མགོ་ཁྲིད་ཀྱིས་ཁྲིམས་འཛུགས་པ། ཁྲིམས་སྐྱོང་ཁག་ཐེག ཁྲིམས་འཛིན་རྒྱབ་སྐྱོར། སྣེ་ཁྲིད་ཁྲིམས་སྲུང་བཅས་ཀྱི་ཐད་ནས་མཚོན་དགོས། ཏང་ཨུའི་མགོ་ཁྲིད་པས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་བྱ་བའི་ནང་རྐྱེན་དང་གོ་རིམ་འཐུས་ཚང་དུ་གཏོང་དགོས་པ་དང་། ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་གོ་རིམ་ཧྲིལ་བོ་དང་ཕྱོགས་སོ་སོའི་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱ་བར་ཤུགས་བསྣན་ནས། ཕྱོགས་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་བྱ་བ་ཡར་སྐུལ་བྱེད་པར་སྟོབས་ཤུགས་ཆེན་པོ་འདོན་དགོས། མགོ་ཁྲིད་ལས་བྱེད་པས་རང་དཔེ་གཞན་སྟོན་དང་། བཅའ་ཁྲིམས་དང་ཏང་སྲོལ་ཇུས་ཆོད་ཀྱི་འདུ་ཤེས་ཆགས་པར་བྱེད་དགོས་པ་དང་། བཅའ་ཁྲིམས་དང་ཏང་སྲོལ་གྱི་ཚད་ལས་མི་རྒལ་བའི་འདུ་ཤེས་ཆགས་པར་བྱས་ནས། ཁྲིམས་སློབ་པ་དང་། ཁྲིམས་སྲུང་བ། ཁྲིམས་བཀོལ་བ་བཅས་ཀྱི་རྣམ་པ་ལྟར། རྒྱུན་ཆད་མེད་པར་ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་བྱེད་ཐབས་བཀོལ་བའི་ནུས་པ་ཇེ་མཐོར་གཏོང་དགོས་པའི་རེ་བ་བཏོན།

 ཚང་འཛོམས་གྲོས་ཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་སྐྱེ་ཁམས་དཔལ་ཡོན་སྤེལ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལག་བསྟར་བྱས་པ་དང་ནང་སྒོས་སུ་མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོབ་བཟང་བོ་བྱེད་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལས། གནད་དོན་ཁ་ཕྱོགས་ལ་ཤུགས་སྣོན་དགོས་པ་དང་། བབ་བསྟུན་མདུན་སྐྱོད་རྒྱུན་འཁྱོངས་བྱས་ནས། ཧུར་ཐག་སྒོས་སྐྱེ་ཁམས་དཔལ་ཡོན་དུས་རབས་གསར་བར་བསྐྱོད་དགོས་ཟེར།

ཚང་འཛོམས་གྲོས་ཚོགས་ནས་བསྟན་དོན། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱེད་པའི་ཁྲོད་དུ་ཚབ་བྱེད་དཀའ་བའི་གོ་གནས་གལ་ཆེན་བཟུང་ཡོད། སྐབས་རིམ་བྱུང་གི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱ་བར་མཐོང་ཆེན་ཚད་མཐོན་པོ་བྱས་ནས། ཕན་འབྲས་ཅུང་ཆེ་བའི་བྱ་བ་འབོར་ཆེན་བསྒྲུབས། སྐྱེ་ཁམས་དཔལ་ཡོན་སྤེལ་བའི་འཐབ་ཕྱོགས་དང་པོ་ནས། ང་ཚོས་ངེས་པར་དུ་སྐྱེ་ཁམས་སྲུང་སྐྱོབ་བྱ་བ་དེ་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་དོན་ཆེན་དུ་བརྩིས་ནས། སྐྱེ་ཁམས་དཔལ་ཡོན་སྤེལ་བའི་འདུ་ཤེས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཁྱོན་ཡོངས་སུ་གཅིག་གྱུར་བཀོད་འདོམས་བྱེད་དགོས་པ་དང་། སྐྱེ་ཁམས་དཔལ་ཡོན་སྤེལ་ནས་དུས་རབས་གསར་བར་བསྐྱོད་པའི་རྣམ་པ་དང་ཐོན་ལས་གྲུབ་ཚུལ། ཐོན་སྐྱེད་རྣམ་པ་དང་འཚོ་བའི་རྣམ་པ་སྐྲུན་པ། ཧུར་ཐག་སྒོས་སྐྱེ་ཁམས་མཛེས་ཤིང་། དཔལ་འབྱོར་འཕེལ་རྒྱས། དམངས་རྣམས་འབྱོར་ཕྱུག་ལྡན་པའི་སྐྱེ་ལྡན་གཅིག་གྱུར་མངོན་འགྱུར་བྱས་ནས། ཧུར་ཐག་སྒོས་མཚོ་སྔོན་སྐྱེ་ཁམས་དཔལ་ཡོན་སྤེལ་བ་དང་ལས་དོན་སྣ་ཚོགས་ཡར་རྒྱས་གོང་འཕེལ་ཡོང་བའི་ཁོར་ཡུག་ཅིག་གསར་གཏོད་བྱེད་དགོས་ཟེར།

 ཚང་འཛོམས་གྲོས་ཚོགས་ནས་བསྟན་དོན། ཉེ་ལམ་མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ཀྱི་ཐོག་དང་པོའི་སྐྱེ་ཁམས་དཔལ་ཡོན་སྤེལ་བའི་སྔོན་སྐྱོད་དཔེ་སྟོན་ས་ཁུལ་དུ་བཀོད་པས། ང་ཚོས་དེ་གོ་སྐབས་སུ་བརྩིས་ནས། དེང་སྐབས་ཀྱི་འབུར་ཐོན་གནད་དོན་དང་འགལ་བ་ཐག་གཅོད་པར་རྐང་འཛུགས་དགོས་ལ། རྒྱུན་མཐུད་འཕེལ་རྒྱས་ཀྱི་ཡུན་རིང་གི་དམིགས་འབེན་ལའང་ཤུགས་སྣོན་དགོས། ཚན་རིག་ལྟར་འཕེལ་རྒྱས་འཆར་གཞི་འཐེན་པ་དང་འཐུས་ཚང་དུ་བཏང་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་ཡར་སྐུལ་བྱེད་པའི་མཐོ་རླབས་གསར་བ་ཞིག་ཏུ་བསྐྱོད་དགོས་པ་དང་། སྤྱི་ཚོགས་ཡོངས་ཞུགས་པར་སྐུལ་སློང་བྱས་ནས། མཉམ་དུ་སྐྱེ་ཁམས་དཔལ་ཡོན་སྤེལ་བར་སྟོབས་ཤུགས་ཆེན་པོ་འདོན་དགོས་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག