མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

2013ལོའི་བར་མཚོ་སྔོན་གྱི་བུད་མེད་ལས་བྱེད་པའི་གྲངས་ཀ་དེ་ལས་བྱེད་པའི་དཔུང་སྡེའི་སྤྱིའི་གྲངས་ཀའི་བརྒྱ་ཆའི་ཞེ་གཅིག་ཟིན།

བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-20 10:33

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་བུད་མེད་རྣམས་རྒྱལ་སྤྱི་དང་སྤྱི་ཚོགས་ལས་དོན་གྱི་ཇུས་གཞིར་ཞུགས་པའི་ཆུ་ཚད་སྔར་ལས་ཇེ་མཐོར་སོང་། ལོ་ལྔའི་རིང་ལ་མཚོ་སྔོན་གྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། དེ་མིན་འབྲེལ་ཡོད་སྡེ་ཁག་གིས་བུད་མེད་ལས་བྱེད་པ་སྐྱེད་སྲིང་བྱེད་པར་མཐོང་ཆེན་བྱས་ནས། བུད་མེད་ལས་བྱེད་པའི་གྲངས་ཀ་རྒྱུན་ཆད་མེད་པར་ཇེ་མང་དུ་སོང་ཞིང་། བྱང་ཚད་ཀྱང་རྒྱུན་ཆད་མེད་པར་ཇེ་མཐོར་སོང་ཡོད་ལ། དཔུང་སྡེ་རིམ་བཞིན་འཕེལ་རྒྱས་དང་རྒྱ་ཆེར་འགྲོ་བའི་རྣམ་པ་ཅུང་བཟང་བོ་བྱུང་ནས། བུད་མེད་སྲིད་ཞུགས་ཀྱི་ཆུ་ཚད་དེ་མཆོང་སྐྱོད་རང་བཞིན་གྱི་འཕེལ་རིམ་བྱུང་། ཉིས་སྟོང་བཅུ་གསུམ་ལོའི་བར་མཚོ་སྔོན་གྱི་བུད་མེད་ལས་བྱེད་པའི་གྲངས་ཀ་དེ་ལས་བྱེད་པའི་དཔུང་སྡེའི་སྤྱིའི་གྲངས་ཀའི་བརྒྱ་ཆའི་ཞེ་གཅིག་ཟིན་ནས། རྒྱལ་ཡོངས་ཀྱི་ཆ་སྙོམས་ཀྱི་བརྒྱ་ཆའི་སོ་བརྒྱད་དང་གྲངས་ཆུང་ལྔའི་ཆུ་ཚད་ལས་མཐོ།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག