མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྙན་ཞུ་ཚོགས་འདུ་སྐོར་གཉིས་པ་བསྒྲུབས།

བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-20 10:28

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་བཅུ་དགུ་ཉིན། མཚོ་སྔོན་ཞིང་ཆེན་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྙན་ཞུ་ཚོགས་འདུ་སྐོར་གཉིས་པ་བསྒྲུབས། ཁྲིམས་འཛིན་པུའུ་ཏང་ཙུའུ་ཡི་ཁོངས་མི་དང་། པུའུ་ཀྲང་གཞོན་པ། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་ཡིག་ཆ་བཀོད་པའི་ཚན་ཆུང་གི་ཁོངས་མི་ཀྲའོ་ཏ་ཁྲིན་གྱིས་གདན་དྲངས་བ་ལྟར་ཆེད་དོན་ཟུར་ཁྲིད་མཛུབ་སྟོན་སྙན་ཞུ་ཕུལ།

སྙན་ཞུ་ཚོགས་འདུ་བརྙན་འཕྲིན་བརྒྱུད་དེ་གྲོས་ཚོགས་བསྡུས་པའི་རྣམ་པ་ལྟར་བསྡུས་པ་དང་། ཚོགས་ར་ཟི་ལིང་ནས་བཙུགས་པ་དང་། གྲོང་ཁྱེར་དང་ཁུལ། རྫོང་གཞན་དག་ནས་ཡན་ལག་ཚོགས་ར་བཙུགས། གྲོང་ཁྱེར་དང་ཁུལ། རྫོང་ཏང་ཨུའི་ལྟེ་གནས་ཚན་ཆུང་གི་ཁོངས་མི་དང་དེ་མིན་ཐད་གཏོགས་སྡེ་ཁག་གི་ལས་ཁུངས་ཀྱི་མགོ་ཁྲིད་ལས་བྱེད་པ་དང་། རིགས་གཞུང་བྱ་བ་སྒྲུབ་མཁན་གྱི་འཐུས་མིས་སྙན་ཞུར་ཉན།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག