མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

བོད་ཀྱི་ཟློས་གར《འགྲོ་བ་བཟང་མོ》ལ་ཀྲུང་གོ་སློབ་གླིང་ཟློས་གར་དུས་ཆེན་གྱི་ཟློས་གར་ཆུང་བའི་རིགས་ཀྱི་ཆེས་མཐོ་བའི་བྱ་དགའ་ཐོབ་པ།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-11-18 10:11

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། མཚོ་སྔོན་ཞིང་ཆེན་ཟློས་གར་པའི་མཐུན་ཚོགས་ཀྱིས་རྩ་འཛུགས་བྱས་ཤིང་། རྨ་ལྷོ་ཁུལ་ཐུན་རིན་རྫོང་དབྱི་ཧྥུ་མི་རིགས་སློབ་འབྲིང་གི་སློབ་མས་འཁྲབ་སྟོན་བྱས་པའི་བོད་ཀྱི་ཟློས་གར《འགྲོ་བ་བཟང་མོ》དེ་ཧྲང་ཧའེ་ནས་སྐབས་བཞི་བའི་ཀྲུང་གོ་སློབ་གླིང་ཟློས་གར་དུས་ཆེན་སྟེང་ཞུགས་པ་དང་། དེར་ཟློས་གར་ཆུང་བའི་རིགས་ཀྱི་ཆེས་མཐོ་བའི་བྱ་དགའ་སྟེང་ཕུལ་བྱུང་ཟློས་གར་བྱ་དགའ་ཐོབ་ལ། ཞིང་ཆེན་ཟློས་གར་པའི་མཐུན་ཚོགས་ལ་རྩ་འཛུགས་བྱ་དགའ་ཐོབ།

འགྲོ་བ་བཟང་མོ་ནི་མིང་དུ་གྲགས་པའི“བོད་ཀྱི་ཟློས་གར་ཆེན་མོ་བརྒྱད”གྲས་ཀྱི་གཅིག་ཡིན། ཞིང་ཆེན་ཟློས་གར་པའི་མཐུན་ཚོགས་ཀྱིས་བོད་ཀྱི་ཟློས་གར་རུ་ཁག་གི་ཆེད་ལས་སྒྲིག་ཁྲིད་པ་རྩ་འཛུགས་བྱས་ཏེ། ལས་སྣོན་དང་བསྒྱུར་སྒྲིག ཉུང་བསྡུས་བྱས་ཏེ་དུས་ཡུན་སྐར་མ40ཡི་ཟློས་གར་ཐུང་ངུ་ཞིག་ཏུ་བཟོས། ཟློས་གར་འདི་འཁྲབ་སྟོན་བྱས་པ་ཡིས་ཞིང་ཆེན་ཟློས་གར་པའི་མཐུན་ཚོགས་ཀྱིས་ཟློས་གར་སློབ་གླིང་དུ་བསྐྱོད་པའི་མུ་འབྲེལ་བྱ་འགུལ་གྲས་ཀྱི་རིགས་གཅིག་སྤེལ་འགོ་བརྩམས་པ་མཚོན་ཡོད། དམིགས་ཡུལ་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་དང་། མཚོ་སྔོན་གྱི་མི་རིགས་མཐུན་སྒྲིག་སྔོན་ཐོན་དང་སློབ་གླིང་རིག་གནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། སློབ་མའི་སྤུས་ཚད་སློབ་གསོར་ཤུགས་སྣོན་པ། མི་རིགས་ས་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་སྒྱུ་རྩལ་བྱང་ཚད་དང་ལང་ཚོའི་མཛེས་ཉམས་མངོན་པར་མཚོན་ནས། སློབ་གླིང་གི་ཟློས་གར་དར་སྤེལ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ཡོད།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་སློབ་གླིང་ཟློས་གར་དུས་ཆེན་ལ་རྒྱལ་ཡོངས་ཀྱི་ཞིང་ཆེན་སོ་སོས་མཚམས་སྦྱོར་བྱས་པའི་ཟློས་གར123ཡོད་པ་དང་། ཆེད་མཁས་པས་དཔྱད་འདེམས་བྱས་པ་བརྒྱུད་མཇུག་མཐར་ཞིང་ཆེན་དང་གྲོང་ཁྱེར། ལྗོངས་བཅས22ཡི་སློབ་གྲྭ33གྱིས་མཚམས་སྦྱོར་བྱས་པའི་ཟློས་གར23དང་ཟློས་གར་ཆུང་བ10འཁྲབ་སྟོན་ལ་ཞུགས་ཡོད། ཐུན་རིན་རྫོང་དབྱི་ཧྥུ་མི་རིགས་སློབ་འབྲིང་ནི་སྤྱིར་བཏང་གི་སློབ་འབྲིང་ཞིག་འཁྲབ་སྟོན་ལ་ཞུགས་པ་གཅིག་པུ་ཡིན་ཞིང་། མཚོ་སྔོན་ཞིང་ཆེན་གྱི་ཀྲུང་གོ་སློབ་གླིང་ཟློས་གར་དུས་ཆེན་ལ་ཞུགས་མཁན་ཐོག་མའང་ཡིན།

ཀྲུང་གོ་སློབ་གླིང་ཟློས་གར་དུས་ཆེན་ནི་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་སློབ་གསོ་པུའུ། ཧྲང་ཧའེ་གྲོང་ཁྱེར་བཅས་ཀྱིས་གཙོ་སྒྲུབ་བྱས་པ་དང་། ཀྲུང་གོའི་ཟློས་གར་པའི་མཐུན་ཚོགས་དང་ཧྲང་ཧའེ་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། ཀྲུང་གུང་ཧྲང་ཧའེ་གྲོང་ཁྱེར་སློབ་གསོ་འཕྲོད་བསྟེན་བྱ་བའི་ཨུ་ཡོན་ལྷན་ཚོགས། ཧྲང་ཧའེ་གྲོང་ཁྱེར་སློབ་གསོ་ཨུ་ཡོན་ལྷན་ཚོགས། ཧྲང་ཧའེ་གྲོང་ཁྱེར་ཟློས་གར་པའི་མཐུན་ཚོགས་བཅས་ཀྱིས་འགན་སྒྲུབ་བྱས་ཤིང་། སློབ་མ་གཙོ་བྱས་པའི་རྒྱལ་ཁབ་རིམ་པའི་སློབ་གླིང་ཟློས་གར་དུས་ཆེན་ཞིག་ཡིན།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག