མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་བོད་ཀྱི་ས་གདན་ཕྱིར་གཏོང་གི་ཚད་ནི་རྒྱལ་ཡོངས་ཀྱི་ཨང་དང་པོ་ཡིན།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས།  2014-11-18 10:11

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་ཤེས་རྟོགས་བྱུང་བ་ལྟར་ན། མཚོ་སྔོན་གྱི་བོད་ཀྱི་ས་གདན་ཐོན་ཚད་ནི་རྒྱལ་ཡོངས་ས་གདན་ཐོན་ཚད་ཀྱི་སྤྱིའི་བརྒྱ་ཆའི་དགུ་བཅུ་ཡིན་པ་དང་། ཨ་མེ་རི་ཁ་དང་། འཇར་པན་སོགས་རྒྱལ་ཁབ་དང་ས་ཁུལ་ཉེར་གཉིས་ལ་ཕྱིར་གཏོང་བྱེད་བཞིན་ཡོད་ཅིང་། རྒྱལ་ཡོངས་ཀྱི་ལག་བཟོས་ས་གདན་ཕྱིར་གཏོང་གི་ཚད་ནི་བརྒྱ་ཆའི་སུམ་ཅུ་དང་། རྒྱལ་ཡོངས་ཀྱི་ཨང་དང་པོ་ཡིན།

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་གྱིས་བདེ་བླག་ངང་བོད་ཀྱི་ས་གདན་གྱི་རྒྱལ་སྤྱིའི་འགྲེམ་སྟོན་སྤེལ་བའི་རྗེས་སུ། ས་གདན་ལས་རིགས་འཕེལ་རྒྱས་ཆེན་པོ་བྱུང་ལ། ཕྱིར་གཏོང་ཚད་དང་། མ་དངུལ་སྡུད་པ། སྒྲིག་གཞི་ལེགས་བཅོས། མཛེས་ཉམས་ཕྱིར་མངོན་པ་བཅས་ཀྱི་ཐད་ནས་གྲུབ་འབྲས་ལེགས་པོ་ཐོབ་ཅིང་། རང་ཞིང་གི་ཕྱི་ཕྱོགས་དཔལ་འབྱོར་འཕེལ་རྒྱས་སུ་ཕྱིན་པར་མ་ཟད། ཟི་ལིང་གི་འགག་སྒོས་ལྷག་བསམ་རྣམ་དག་གིས་འོས་འགན་དོན་འཁྱོལ་བྱེད་པ་དང་དུས་མཉམ་དུ། མཚོ་སྔོན་བོད་ཀྱི་ས་གདན་ལས་རིགས་ཀྱི་འཕེལ་རྒྱས་དངོས་དང་བསྟུན་ནས། ཞབས་འདེགས་ཀྱི་འདུ་ཤེས་ལེགས་པོས་བྱ་བ་བསྒྲུབ་ཏེ། མཚོ་སྔོན་གྱི་བོད་ཀྱི་ས་གདན་ལས་རིགས་གོང་དུ་སྤེལ་བར་གྲུབ་འབྲས་ལེགས་པོ་བྱུང་།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག