མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཆུའུ་ཡི་བཅོས་སྒྱུར་འཕེལ་རྒྱས་བྱ་བའི་གྲོས་ཚོགས་བསྡུས།

བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-18 10:11

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས14ཉིན་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཆུའུ་ཡི་བཅོས་སྒྱུར་འཕེལ་རྒྱས་བྱ་བའི་གྲོས་ཚོགས་བསྡུས། གྲོས་ཚོགས་ནས“ཐོན་ཁུངས་ལེགས་སྒྲིག་བྱེད་པ་དང་། བཟོ་ལས་ཀྱིས་སྣེ་ཁྲིད་བྱེད་པ། ཐོན་ལས་དང་གྲོང་ཁྱེར་མཉམ་གནས”བཅས་ཀྱི་གྲོང་ཁྱེར་དང་ཆུའུ་ཡི་འཕེལ་རྒྱས་འཐབ་ཇུས་གཏན་ལ་ཕབ་ཏེ། བཅོས་སྒྱུར་གྱི་སྙིང་སྟོབས་ཀྱིས་གྲོང་ཁྱེར་དང་ཆུའུ་ཡི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས་ཟེར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅོན་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་གལ་ཆེན་བཤད། ཁོས་ནན་གྱིས་བསྟན་དོན། གྲོང་ཁྱེར་དང་ཆུའུ་ཡི་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་དོན་སྙིང་གཏིང་ཟབ་ཅིང་། འགན་ཁུར་ལྗིད་པས། ང་ཚོས་ངེས་པར་དུ་ཀྲུང་དབྱང་དང་ཞིང་ཆེན། གྲོང་ཁྱེར་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་ལྟར། བཅོས་སྒྱུར་གྱི་སྙིང་སྟོབས་དང་། བཅོས་སྒྱུར་བསམ་ཕྱོགས། བཅོས་སྒྱུར་གྱི་བྱེད་ཐབས་ཀྱིས་དཀའ་ཁག་ཡོད་ཚད་སེལ་ཏེ། རྒྱུན་ཆད་མེད་པར་གྲོང་ཁྱེར་དང་ཆུའུ་ཡི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གསར་གཏོད་བྱེད་པ་དང་། འཚོ་བ་སྔར་ལས་བདེ་སྐྱིད་ལྡན་ཞིང་། མི་དམངས་སྔར་ལས་བདེ་སྐྱིད་ཡོང་བར་བྱེད་དགོས་ཟེར།

ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། གྲོང་ཁྱེར་དང་ཆུའུ་ཡི་བྱ་བའི་གནད་འགག་ནི་གནད་དོན་དྲུག་ཐག་གཅོད་བཟང་བོ་བྱེད་དགོས། གཅིག་ནས་འཕེལ་རྒྱས་གཏན་འབེབས། གཉིས་ནས་བཅོས་སྒྱུར་ཟབ་སྤེལ། གསུམ་ནས་ཐོན་ལས་འཕེལ་རྒྱས། བཞི་ནས་གྲོང་ཁྱེར་དང་ཆུའུ་འཛུགས་སྐྲུན། ལྔ་ནས་སྤྱི་སྤྱོད་ཞབས་ཞུ། དྲུག སྤྱི་ཚོགས་བདེ་འཇགས་བཅས་རེད།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག