མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཧའོ་ཕིན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་ཁོངས་གཏོགས་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས།

བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-17 10:58

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་ཁོངས་གཏོགས་ཀྱི་རྒྱལ་དབང་དང་རྒྱལ་དབང་མ་རྐང་ཚོད་འཛིན་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་ནས། ད་ལོའི་ཞིང་ཆེན་ཁོངས་གཏོགས་རྒྱལ་དབང་ཁེ་ལས་ཀྱི་ཐོན་སྐྱེད་ཚོང་གཉེར་དང་ཞིང་ཆེན་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་ལ་དབྱེ་ཞིབ་བྱས་པ་དང་། ཁེ་ལས་ཀྱི་འགན་ཁུར་བས་སང་ལོའི་བཟོ་ལས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་བསམ་འཆར་དང་གྲོས་གཞིར་ཉན། ཧའོ་ཕིན་གྱིས་ནན་གྱིས་བསྟན་དོན། ཞིང་ཆེན་ཁོངས་གཏོགས་ཁེ་ལས་ཀྱིས་བློ་བརྟན་འགྱུར་མེད་དང་། སྙིང་སྟོབས་ཆེར་བསྐྱེད། སྐྱིད་སྡུག་མཉམ་མྱོང་། དཀའ་ངལ་ཁྱད་སེལ་བཅས་བྱས་ནས། ཤུགས་ཆེན་པོས་བཅོས་སྒྱུར་ལས་གསོན་ཤུགས་བསྐྱེད་པ་དང་། གསར་སྐྲུན་ལས་སྒུལ་ཤུགས་འབྱུང་བ། དོ་དམ་ལས་ཕན་འབྲས་ལྡན་པ་བཅས་བྱེད་དགོས་པ་དང་། ཁེ་ལས་རྒྱུན་སྲིང་དང་སྐྱོན་བྲལ་བའི་ངང་འཕེལ་རྒྱས་སུ་གཏོང་བར་ཁག་ཐེག་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཀྱི་ནུས་པ་གཙོ་བོ་འདོན་སྤེལ་སྔར་ལས་བཟང་བོ་བྱེད་དགོས་ཟེར།

ཧའོ་ཕིན་གྱིས་བསྟན་དོན། ད་ལོར། ཞིང་ཆེན་ཁོངས་གཏོགས་ཁེ་ལས་ཀྱིས་ནན་ཏན་སྒོས་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དངོས་འབེབས་བྱས་ནས། དཀའ་ཁག་དང་འགྲན་རྩོད་ལ་ཁ་གཏད་འཇལ་བ་དང་། དོ་དམ་དམ་འཛིན་བྱེད་པ། བཅོས་སྒྱུར་ལ་ཡར་སྐུལ། སྦས་ཤུགས་སྔོག་འདོན། ཐོན་ཚད་འཕར་བར་ཁག་ཐེག་བཅས་བྱས་པས། ཁེ་ལས་ཀྱི་ཐོན་སྐྱེད་ཚོང་གཉེར་སྤྱིར་བརྟན་བརླིང་ཡིན་པ་དང་། ཐོན་ཚད་འཕར་ས་གསར་བ་རྒྱུན་ཆད་མེད་པར་བྱུང་ནས། ལས་གཞི་གལ་ཆེན་བརྟན་འཇགས་ངང་སྤེལ་བ་དང་། གསར་སྐྲུན་གྱི་ནུས་པ་རྒྱུན་སྲིང་ངང་འཕར་བ། སྒོ་འབྱེད་མཉམ་ལས་ཐད་ལ་རྒལ་གཏོར་ཆེན་པོ་བྱུང་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་གལ་ཆེན་བཞག དེང་སྐབས་ཀྱི་ཆེ་ཕྱོགས་དཔལ་འབྱོར་གནས་བབ་ད་རུང་རྙོག་འཛིང་ཡིན་པས། རྒྱ་ཆེའི་ཁེ་ལས་ཀྱིས་དབྱེ་ཞིབ་ལ་ཞིབ་འདང་རྒྱག་དགོས་པ་དང་། ཞིབ་འཇུག་བརྡར་གཅོད་དང་། ལྟ་བ་གསར་བ་ནས་དཔལ་འབྱོར་དོ་སྣང་བྱས་ནས། ཉེན་ཁའི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་པ་དང་།གྲུབ་ཚུལ་ལེགས་སྒྲིག་ལ་ངོས་ཟིན་བྱས་ནས། རྣམ་པ་བསྒྱུར་བའི་ཡུན་རིང་རང་བཞིན་དང་དཀའ་ཚེགས་རང་བཞིན་ཇེ་དྲག་ཏུ་གཏོང་དགོས་ལ། འཐབ་ཇུས་ཀྱི་སྟོབས་ཤུགས་སྲུང་འཛིན་བྱེད་པ་དང་། འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་བཏང་ནས། འཕེལ་རྒྱས་ཀྱི་རང་དབང་ཁོང་དུ་ཆུད་པར་བྱེད་དགོས་ཟེར།

ཧའོ་ཕིན་གྱིས་ནན་གྱིས་བསྟན་དོན། ཁེ་ལས་ལ་ཐུག་པའི་དཀའ་ཁག་དང་གནད་དོན་ཐག་གཅོད་དགོས་ན། རིམ་པ་སོ་སོའི་སྲིད་གཞུང་དང་སྡེ་ཁག་གིས་རྒྱབ་སྐྱོར་དང་རོགས་རམ་ལ་བརྟེན་དགོས་པ་མ་ཟད། ཁེ་ལས་རང་སྟེང་གི་འབད་པར་ཡང་བརྟེན་དགོས། གཅིག་ནས་གཡོ་འགུལ་མེད་པའི་སྒོ་ནས་འཕེལ་རྒྱས་ལ་དམ་འཛིན་བྱེད་དགོས། གཉིས་ནས་བློ་བརྟན་འགྱུར་མེད་ཀྱིས་བཅོས་སྒྱུར་ཡར་སྐུལ་བྱེད་དགོས། གསུམ་ནས་འགན་འཁྲི་ལག་བསྟར་བྱས་ནས་བརྟན་འཇགས་འགན་སྲུང་བྱེད་དགོས་ཟེར།

ཧའོ་ཕིན་གྱིས་བསྟན་དོན། ཁེ་ལས་འཕེལ་རྒྱས་དང་རྒྱ་བསྐྱེད་ན། ཕུལ་དུ་བྱུང་བའི་ཁེ་ལས་དང་འབྲལ་ཐབས་མེད་ཟེར། ཁོས་ཞིང་ཆེན་ལ་གཏོགས་པའི་ཁེ་ལས་ཀྱི་འགན་ཁུར་བས་ཡིད་ཆེས་ཇེ་བརྟན་དུ་བཏང་ནས། གསར་སྐྲུན་བྱེད་ཕོད་པ་དང་། འགན་ཁུར་བྱེད་ཕོད་པ། རང་རྟོག་སྒོས་སྒྲིག་ཁྲིམས་བརྩི་སྲུང་བྱེད་པ་དང་། ཟོལ་མེད་ཁ་དམ་ཚིག་གནས་ཀྱིས་ཚོང་གཉེར་བ། སྤྱི་ཚོགས་འགན་འཁྲི་ལག་བསྟར་བྱེད་དགོས་པ་དང་། སྤྱོད་གཙང་དར་སྤེལ་གྱི་རྣམ་པ་སྲུང་འཛིན་བྱས་ནས། སྔར་ལས་རང་ཞིང་གི་རྒྱལ་དབང་ཁེ་ལས་ཀྱི་སྣེ་ཁྲིད་པ་བཟང་བོ་ཞིག་བྱེད་དགོས་པའི་རེ་བ་བཏོན།

རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལོ་ཡུས་ལིན་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད། ཚྭ་མཚོ་ཀུང་ཟི་དང་། དངུལ་གཏོང་སྡེ་ཚོགས་སོགས་ཁེ་ལས་བརྒྱད་ཀྱི་འགན་ཁུར་བས་གཏམ་བཤད་པ་དང་། ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ལ་གཏོགས་པའི་ཁེ་ལས་ཀྱི་ཐོན་སྐྱེད་ཚོང་གཉེར་གྱི་གནས་ཚུལ་ཧྲིལ་བོ་མཚམས་སྦྱོར་བྱས།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག