མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་གོ་རིམ་རྗེས་མའི་སྨན་བཅོས་བཅོས་སྒྱུར་བྱ་བར་བཀོད་སྒྲིག་བཟང་པོ་བྱས།

སྟོབས་ལྡན་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-17 10:57

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་བཅུ་བཞི་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་བཅོས་སྒྱུར་གྱི་ཆེད་དོན་གྲོས་ཚོགས་བསྡུས། གྲོས་ཚོགས་སྟེང་གྲོང་ཁྱེར་སོ་སོ་དང་ཁུལ་སོ་སོའི་འབྲེལ་ཡོད་ཀྱི་སྨན་བཅོས་དམིགས་འབེན་འགན་ཁུར་ཡོངས་འགྲུབ་གནས་ཚུལ་དང་། མཚོ་སྔོན་ཞིང་ཆེན་སྨན་བཅོས་བཅོས་སྒྱུར་འགོ་ཁྲིད་ཚན་ཆུང་དང་། འབྲེལ་ཡོད་ལས་ཁུངས་ཀྱིས་གོ་རིམ་རྗེས་མའི་བྱ་བར་བཀོད་སྒྲིག་དང་འཆར་འགོད་བྱས་པའི་བྱ་བའི་སྙན་ཞུར་ཉན་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་མ་ཧྲོན་ཆིན་གྲོས་ཚོགས་སུ་ཞུགས་པར་མ་ཟད་གཏམ་བཤད།

གྲོས་ཚོགས་ལས་གོ་རིམ་རྗེས་མའི་སྨན་བཅོས་བྱ་བ་མུ་མཐུད་དུ་ནན་ཏན་སྒོས་སྒྲུབ་ནས། རྒྱུན་ཆད་མེད་པར་གཞི་རིམ་སྨན་བཅོས་ལས་ཁུངས་ཀྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས་ཚུལ་གྱི་གལ་ཆེན་རང་བཞིན་དང་། སྨན་བཅོས་ཀྱི་རིན་གོང་ཚད་ལྡན་གྱིས་ཚོད་འཛིན་བྱས་ནས། སྨན་བཅོས་ཆ་འཕྲིན་ཅན་གྱིས་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། སྨན་པའི་སྤྱོད་ཚུལ་ཚད་ལྡན་དུ་གཏོང་བ་དང་། སྨན་པ་དང་ནད་པའི་འབྲེལ་བ་འཐུས་ཇེ་ཚང་དུ་གཏོང་བ་བཅས་ལ་རེ་བ་ནན་མོ་བཏོན།

གྲོས་ཚོགས་ལས་བསྟན་དོན། སྨན་བཅོས་བཅོས་སྒྱུར་བྱ་བ་ནི་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་བདེ་སྐྱིད་ཀྱི་འདོད་བློ་ཉག་གཅིག་ཡིན་པས་མཚོ་སྔོན་ཞིང་ཆེན་གྱིས་སྨན་བཅོས་བྱ་བར་ཚད་མཐོན་པོའི་མཐོང་ཆེན་བྱས་ཏེ་མངོན་གསལ་གྱིས་གྲུབ་འབྲས་ལེན་པ་དང་། ཟླ་བཅུ་བའི་བར་དུ། ལོ་སྟོད་དུ་གཏན་ལ་ཕབ་པའི་ལས་གཞི་གལ་ཆེན་ཉི་ཤུའི་འགན་ཁུར་ཡོངས་འགྲུབ་བྱེད་ཚད་བརྒྱ་ཆའི་དགུ་བཅུར་སླེབས་ཡོད་ལ། གཞི་རིམ་སྨན་བཅོས་བཅོས་སྒྱུར་ལ་ཕན་འབྲས་མངོན་གསལ་བྱུང་བ་དང་། ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་། མང་ཚོགས་ཀྱི་སྨན་བཅོས་ངོས་འཛིན་འདུ་ཤེས་ལ་འགྱུར་ལྡོག་ཐེབས་སུ་འཇོག་དགོས་ཞེས་བསྟན་པ་དང་། གཞན་ཡང་བསྒྲགས་པའི་གནས་ཚུལ་ལྟར་ན། ཟླ་བཅུ་གཅིག་པའི་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་མ་ཧྲོན་ཆིན་ཧོང་ཀྲུང་རྫོང་མི་དམངས་སྨན་ཁང་དང་། མཁར་དཀྱིལ་ཆུའུ་ཙོང་གྲེ་གྲོང་རྡལ་ལྟེ་གནས་འཕྲོད་བསྟེན་གླིང་དང་། ཟི་ལིང་གྲོང་ཁྱེར་སྤྱི་ཚོགས་ཉེན་འགོག་ལས་དོན་དོ་དམ་ཅུའུ་དང་། མཚོ་སྔོན་སློབ་ཆེན་གྱི་ཟུར་གཏོགས་སྨན་ཁང་བཅས་སུ་སོང་ནས་རིམ་པ་སོ་སོའི་སྨན་བཅོས་རིན་གོང་ལམ་ལུགས་དང་། སྨན་བཅོས་ཉེན་འགོག རྫོང་རིམ་པའི་སྨན་ཁང་གི་ཕྱོགས་བསྡུས་བཅོས་སྒྱུར་དང་། གཞི་རིམ་གྱི་སྨན་བཅོས་སྡེ་ཁག་གི་ཕྱོགས་བསྡུས་བཅོས་སྒྱུར་གྱི་བྱ་བ་གལ་ཆེན་དག་གི་འགན་ཁུར་དངོས་འབེབས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག