མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་དགོ་བའི་ཁ་གྲངས830ལྷག་ལ་སླར་གསོ་བྱུང་བ།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-11-17 10:54

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དགོ་བ་སྲུང་སྐྱོང་ཁུལ་ནས་རྒྱུས་ལོན་པ་ལྟར་ན། ཆེས་གསར་བའི་བརྟག་བཤེར་ཚད་ལེན་ལས་མངོན་པ་ལྟར་ན། མིག་སྔར་སྲུང་སྐྱོང་ཁུལ་འདིའི་མངའ་ཁོངས་ཀྱི་དགོ་བའི་ཁ་གྲངས830ལྷག་ལ་སླར་གསོ་བྱུང་ཡོད།

རྒྱུ་ཆ་ལས་མངོན་པ་ལྟར་ན། དུས་རབས་སྔོན་མའི་ལོ་རབས80ཡི་དུས་འགོར། མཚོ་སྔོན་པོའི་མཐའ་བསྐོར་ས་ཁུལ་གྱི་དགོ་བའི་ཁ་གྲངས1000ལས་བརྒལ་ཡོད་པ་དང་། དུས་རབས་སྔོན་མའི་ལོ་རབས90ཡི་དུས་དཀྱིལ་དུ་ཇེ་ཉུང་དུ་སོང་ནས300ཡས་མས་ལ་མེད་ལ། 1999ལོར། དགོ་བ་དེ་རང་རྒྱལ་སྲིད་གཞུང་གིས་ཆེས་འཇིག་ཉམས་ཆེ་བའི་རི་སྐྱེས་སྲོག་ཆགས་སུ་གཏན་འཁེལ་བྱས།

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་གྱི་རིམ་པ་སོ་སོའི་སྲིད་གཞུང་དང་དམངས་ཁྲོད་ཁོར་ཡུག་སྲུང་སྐྱོང་རྩ་འཛུགས། མཚོ་སྔོན་པོ་མཐའ་བསྐོར་འབྲོག་དམངས་ཀྱིས་བྱེད་ཐབས་སྣ་མང་སྤྱད་དེ་དགོ་བར་སྲུང་སྐྱོང་བྱས་ཤིང་། 2007ལོར་མཚོ་སྔོན་པོའི་བྱང་རྒྱུད་དུ་ཆགས་པའི་རྐང་ཚ་རྫོང་གིས་རྒྱལ་ཡོངས་ཀྱི་ཆེས་ཐོག་མའི་དགོ་བ་སྲུང་སྐྱོང་ཁུལ་བཙུགས། གཞན་ཡང་སྲིད་གཞུང་གིས་ཁ་གསབ་བྱས་ཏེ་སྲུང་སྐྱོང་ཁུལ་མཐའ་བསྐོར་གྱི་འབྲོག་པའི་རྩྭ་སའི་ལྕགས་རའི་མཐོ་ཚད་དེ་མུས1.5ནས་མུས1.2ལ་ཇེ་དམའ་རུ་བཏང་སྟེ་དགོ་བ་གནས་སྤོར་ལ་སྟབས་བདེ་བཟོས།

2006ལོ་ནས་བཟུང་། དགོ་བ་དེ་མཚོ་སྔོན་པོ་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་གྱི་བཀྲ་ཤིས་མཚོན་རྟགས་སུ་གཏན་འཁེལ་བྱས་ཤིང་། མཚན་སྙན་ཉིན་རེ་བཞིན་ཇེ་ཆེར་བཏང་།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག