མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་ཤང་གྲོང་གི་སྨན་བཅོས་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར1.2བཏང་བ་དང་མང་ཚོགས་རིགས་བརྒྱད་ཀྱིས་ལོངས་སྤྱོད་བྱེད་ཐུབ།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-11-17 10:53

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དཀའ་ངལ་མང་ཚོགས་ཀྱིས་དུས་ལྟར་སྨན་བཅོས་རོགས་སྐྱོར་ལོངས་སྤྱོད་བྱེད་ཐུབ་ཆེད། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་དང་ནོར་སྲིད་ཐིན་གྱིས་སྐོར་གཉིས་པའི་ཤང་གྲོང་སྨན་བཅོས་རོགས་སྐྱོར་ཁ་གསབ་མ་དངུལ་སྒོར་ཁྲི12171བཏང་ཡོད། ད་ལོར་ཞིང་ཆེན་ཡོངས་ཀྱིས་བསྡོམས་པས་ཞིང་ཆེན་རིམ་པའི་སྨན་བཅོས་རོགས་སྐྱོར་ཁ་གསབ་མ་དངུལ་སྒོར་ཁྲི30171དངོས་འབེབས་བྱས་ཡོད།

གསར་འགོད་པས་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་པ་ལྟར་ན། ཞིང་ཆེན་ཡོངས་ཀྱི་རིགས་བརྒྱད་ཀྱིས་གཙོ་གནད་སྨན་བཅོས་རོགས་སྐྱོར་ལོངས་སྤྱོད་བྱེད་ཐུབ་པ་དང་། གཙོ་གནད་སྨན་བཅོས་རོགས་སྐྱོར་མང་ཚོགས་ཀྱི་ཞག་སྡོད་སྨན་བཅོས་འགྲོ་གྲོན་རྩིས་ཞུ་བྱེད་པའི་གོ་རིམ་ནི་གཞི་རྩའི་སྨན་བཅོས་དང་། ནད་རིགས་ལྗིད་མོའི་སྨན་བཅོས་འགན་སྲུང་། སྨན་བཅོས་རོགས་སྐྱོར་བཅས་ཡིན། ཞིང་ཆེན་ཡོངས་ཀྱི་གཙོ་གནད་སྨན་བཅོས་ཁ་གསབ་བྱེད་ཡུལ་གྱི་མང་ཚོགས་རིགས་བརྒྱད་ནི་ཤང་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་བྱེད་ཡུལ་དང་ཞིང་སྡེའི་ལྔ་སྐྱོང་ཁྱིམ་ཚང་། དྭ་ཕྲུག གཙོ་གནད་གཟིགས་སྐྱོང་བྱེད་ཡུལ། དུས་རབས་སྔོན་མའི་ལོ་རབས60ནང་གི་ལས་འཁྱུར་ངལ་གསོ་མི་སྣ། དབང་བོ་སྐྱོན་ཅན་ཚབས་ཆེན་མི་སྣ། བགྲེས་སོང་དབང་བོ་སྐྱོན་ཅན་མི་སྣ། ཁྱིམ་ཚང་གཅིག་གི་ནང་དབང་བོ་སྐྱོན་ཅན་མང་པོ་ཡོད་པའི་ཁྱིམ་ཚང་གི་དབང་བོ་སྐྱོན་ཅན་བཅས་ཡིན།  །

 

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག