མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

པེ་ཅིན་སོགས་ཞིང་ཆེན་དང་གྲོང་ཁྱེར་དྲུག་གི་བཟོ་ཚོགས་ཀྱིས་མཚོ་སྔོན་ལ་རོགས་སྐྱོར་བྱས་ནས་ཕན་འབྲས་ཅུང་བཟང་བོ་བླངས།

བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-17 10:50

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2013ལོར་པེ་ཅིན་དང་ཐེན་ཅིན། ཧྲང་ཧེ། ཅང་སུའུ། ཀྲེ་ཅང་། ཧྲན་ཏུང་སོགས་ཞིང་ཆེན་དང་གྲོང་ཁྱེར་དྲུག་གི་སྤྱིའི་བཟོ་ཚོགས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་ཡུས་ཧྲུའུ་དང་མགོ་ལོག་སོགས་ཁུལ་དྲུག་གི་བོད་ཁུལ་གྱི་སྤྱིའི་བཟོ་ཚོགས་ལ་ཁ་གཏད་རོགས་སྐྱོར་བྱས་པའི་ཚུན་གྱི་རོགས་སྐྱོར་བྱ་བར་ངོ་བོ་རང་བཞིན་གྱི་ཕན་འབྲས་བླངས། ད་ལྟའི་བར་དུ་དོན་ཐོག་ཏུ་འཁྱོལ་བའི་རོགས་སྐྱོར་མ་དངུལ་སྒོར་མོ་བྱེ་བ་གཅིག་དང་ས་ཡ་བརྒྱད་འབུམ་བཞི་ཁྲི་ལྔར་བསླེབས་པ་དང་། བཟོ་ཚོགས་ཀྱི་ལས་བྱེད་པ་སུམ་བརྒྱ་ལྷག་རྩ་འཛུགས་བྱས་ནས་རོགས་སྐྱོར་ས་ཁུལ་དུ་མངགས་ཏེ་གསོ་སྦྱོང་དང་ལས་ཁུར་སྦྱོང་བརྡར་བྱས་ཤིང་། ངལ་རྩོལ་དཔེ་ལེགས་ཅན་བདུན་ལུས་གསོ་ངལ་གསོ་བྱེད་དུ་བཅུག་པ་དང་། ལས་བཟོ་བའི་དཔེ་ཀློག་ཁང་བཅུ་གསར་དུ་བཙུགས་ཏེ། ལས་བཟོ་བའི་རིག་གནས་ཕོ་བྲང་དང་དཀའ་ཁག་ཅན་གྱི་ལས་བཟོ་བར་རོགས་སྐྱོར་ལྟེ་གནས་ཁ་ཤས་ཉམས་གསོ་དང་བསྒྱུར་བཀོད་བྱས།

རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱིས་དོན་དག་དེར་མཐོང་ཆེན་གནང་ནས། ལོ་དེའི་ཟླ་བཅུ་བར་པེ་ཅིན་སོགས་ཞིང་ཆེན་དང་གྲོང་ཁྱེར་དྲུག་གི་སྤྱིའི་བཟོ་ཚོགས་ལ་འཕྲིན་ཡིག་བཏང་ནས། བཟོ་ཚོགས་ཀྱིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བ་དངོས་སུ་སྤེལ་མགོ་བརྩམས།

ཉིས་སྟོང་བཅུ་གསུམ་ལོའི་ཟླ་ལྔ་བར། རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱིས་པེ་ཅིན་ནས་མགོ་འཛིན་བྱས་ཏེ་པེ་ཅིན་སོགས་ཞིང་ཆེན་དང་གྲོང་ཁྱེར་དྲུག་གི་སྤྱིའི་བཟོ་ཚོགས་མཚོ་སྔོན་ཞིང་ཆེན་བོད་ཁུལ་བཟོ་ཚོགས་ཁ་གཏད་རོགས་སྐྱོར་མཐུན་སྦྱོར་གྲོས་ཚོགས་ཚོགས་ཏེ། བཟོ་ཚོགས་ཀྱི་མཚོ་སྔོན་ཁ་གཏད་རོགས་སྐྱོར་བྱ་བ་བཟང་བོར་སྒྲུབ་པའི་ཐད་ལ་རེ་བ་བཏོན། མཚོ་སྔོན་ཞིང་ཆེན་གྱི་ཁུལ་དྲུག་གི་སྤྱིའི་བཟོ་ཚོགས་དང་པེ་ཅིན་སོགས་ཞིང་ཆེན་དང་གྲོང་ཁྱེར་དྲུག་གི་སྤྱིའི་བཟོ་ཚོགས་ཀྱིས་དཔལ་འབྱོར་ལག་རྩལ་མཉམ་ལས་དང་། བྱ་བའི་བརྗེ་རེས། ལས་བྱེད་པ་གསོ་སྦྱོང་། ལས་བཟོ་བའི་ངལ་རྩོལ་དཔེ་ལེགས་ཅན་ལུས་གསོ་དང་། ཞིང་བ་ཞོར་ལས་བའི་ཕྱོགས་གཉིས་ཀྱི་ཁེ་དབང་སྲུང་སྐྱོང་། ལས་བྱེད་པ་གསོ་སྦྱོང་། ལས་བཟོ་བའི་བྱ་འགུལ་སྤེལ་ས། མཚོ་སྔོན་གྱི་དཀའ་ཁག་ཅན་གྱི་ལས་བཟོ་བར་རོགས་སྐྱོར་བྱེད་པའི་གྲོས་མཐུན་བཀོད་དེ། རོགས་སྐྱོར་ཁ་ཕྱོགས་ཐག་བཅད་པ་དང་། བཟོ་ཚོགས་ཀྱི་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་ཐབས་ལམ་གསར་བ་གསར་གཏོད་བྱས།

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱི་ཁ་གཏད་རོགས་སྐྱོར་བྱེད་པའི་གྲོས་མཐུན་ལྟར། ཕྱོགས་གཉིས་ཀྱིས་རྒྱུན་ཆད་མེད་པར་མཚོ་སྔོན་ཞིང་ཆེན་ལ་རོགས་སྐྱོར་བྱེད་པར་འཚོལ་ཞིབ་དང་འབྲེལ་མཐུད་བྱེད་པ་མགོ་ཚུགས་སར་བརྩིས་ནས། ཐོན་ཁུངས་གཅིག་བསྡུས་དང་། རོགས་ལས་ཡར་སྐུལ་བྱས་ནས། གཙོ་བོ་དཀའ་ཁག་ལས་བཟོ་བར་རོགས་སྐྱོར་བྱེད་པར་ཤུགས་བསྣན་པ་དང་། ལས་བཟོ་བའི་རིག་གནས་བྱ་འགུལ་སྤེལ་ས་འཛུགས་སྐྲུན་བྱས་པ། ངལ་རྩོལ་དཔེ་ལེགས་དང་ལས་བཟོ་བ་ལུས་གསོ་ངལ་གསོ་དང་།བཟོ་ཚོགས་ཀྱི་ལས་བྱེད་པའི་བྱང་ཚད་ཇེ་མཐོར་བཏང་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བར་ཤུགས་བསྣན། དོན་དག་རེ་རེ་དང་ལས་གཞི་རེ་རེ་བརྒྱུད་དེ། མཚོ་སྔོན་བོད་ཁུལ་གྱི་དཀའ་ཁག་ལས་བཟོ་བའི་ཕྱོགས་མང་བོའི་ཐད་ཀྱི་དགོས་མཁོར་འགན་སྲུང་བྱས་པ་དང་། ལས་བཟོ་བའི་རིག་གནས་འཛུགས་སྐྲུན་བྱ་བར་ཤུགས་བསྣན་ནས། བཟོ་ཚོགས་ལས་བྱེད་པའི་བྱ་བའི་ནུས་པ་ཇེ་མཐོར་བཏང་བ་དང་། བཟོ་ཚོགས་ཀྱིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་རྣམ་པ་གསར་བ་གསར་གཏོད་བྱས།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག