མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱིས་གཞི་གསུམ་དང་ཕན་ནུས་འཛུགས་སྐྲུན་ཐད་ཀྱི་སྐུལ་སྤེལ་གྲོས་ཚོགས་བསྡུས།

རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-17 10:50

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་གཞི་གསུམ་དང་ཕན་ནུས་འཛུགས་སྐྲུན་གྱི་སྐུལ་སྤེལ་གྲོས་ཚོགས་ཟླ་བཅུ་གཅིག་པའི་ཚེས་བཅུ་བཞི་ཉིན་ཚོགས། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་བསྟན་ཁོ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

བསྟན་ཁོས་བསྟན་དོན། གཞི་གསུམ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ལས་ཁུངས་ཀྱིས་ཕན་ནུས་མཐོར་འདེགས་བྱེད་རྒྱུ་དེ། འཐབ་ཕྱོགས་གཅིག་གྱུར་གྱིས་མི་སེམས་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་པ་དང་། ཏང་གི་མི་རིགས་ས་ཁུལ་གྱི་སྲིད་འཛིན་ཆུ་ཚད་སྲ་བརྟན་དང་མཐོར་འདེགས་བྱེད་པ། མཚོ་སྔོན་གྱི་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་སྐྱོང་བདེ་འགོད་ལ་སྐུལ་འདེད་བྱེད་པ་བཅས་ཀྱི་ཐད་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན། ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱིས་གཞི་རིམ་རྩ་འཛུགས་དང་རྨང་གཞིའི་བྱ་བ། གཞི་རྩའི་ནུས་པ་བཅས་ཐད་གནས་པའི་གནད་དོན་སྔར་ལས་ཐག་གཅོད་བཟང་བོ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་གཏན་ཁེལ་བྱས་པའི་དུས་རིམ་རང་བཞིན་གྱི་བྱ་བའི་ལས་འགན་ཡོངས་འགྲུབ་བྱས་ནས། གཞི་རིམ་རྩ་འཛུགས་སྟོབས་དང་ལྡན་པ་དང་། རྨང་གཞིའི་བྱ་བ་བརྟན་ཞིང་ཕན་འབྲས་ལྡན་པ། གཞི་རྩའི་ནུས་པ་མཐོར་འདེགས་བྱས་ནས་ཚད་གཞིར་སླེབས་པ། ལས་ཁུངས་ཀྱི་ཕན་ནུས་མཐོ་ཞིང་ཚད་ལྡན་ཡིན་པ་བཅས་མངོན་འགྱུར་བྱེད་དགོས་ཟེར།

བསྟན་ཁོས་ནན་གྱིས་བསྟན་དོན། མུ་མཐུད་ནས་འཐབ་ཕྱོགས་གཅིག་གྱུར་གྱི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ལས་ཁུངས་རང་སྟེང་གི་འཛུགས་སྐྲུན་ཆུ་ཚད་ཇེ་མཐོར་གཏོང་བ། དམངས་གཙོ་ཏང་ཁག་གི་གཞི་རིམ་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ། བཟོ་ཚོང་མཉམ་འབྲེལ་གྱི་རྩ་འཛུགས་འཛུགས་སྐྲུན་ཆུ་ཚད་མཐོར་འདེགས་བྱེད་པ་སོགས་བྱས་ནས། གོང་བུར་སྒྲིལ་ཤུགས་དང་འབོད་སྐུལ་གྱི་ནུས་ཤུགས་ལྡན་པའི་སྟོབས་ལྡན་གྱི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་བྱེད་དགོས། འཐབ་ཕྱོགས་གཅིག་གྱུར་གྱི་བྱ་བར་རྨང་གཞི་བརྟན་པོ་འདིང་བ་དང་། འཐབ་ཕྱོགས་གཅིག་གྱུར་གྱི་རྨང་གཞིའི་གྲངས་གཞི་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱེད་པ། ཕྱོགས་བསྡུས་ཆ་འཕྲིན་སྟེགས་བུའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། ཕན་ནུས་ལྡན་པའི་བྱ་བའི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ། བྱ་བའི་རྩོལ་ནུས་མཐོར་འདེགས་བྱེད་དགོས། འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གི་ལས་བྱེད་པའི་གཞི་རྩའི་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཆབ་སྲིད་ཐད་ཀྱི་བདེན་རྫུན་དབྱེ་འབྱེད་ཀྱི་ནུས་པ་དང་མང་ཚོགས་བྱ་བའི་ནུས་པ་ཇེ་དྲག་ཏུ་གཏོང་བ། སྲིད་ཇུས་ལག་བསྟར་ནུས་ཤུགས་དང་སློབ་སྦྱོང་རྟོག་ཞིབ་ཀྱི་ནུས་པ་མཐོར་འདེགས་བྱེད་དགོས། ལག་ལེན་དོན་འཁྱོལ་ཐད་ནས་གཞི་གསུམ་འཛུགས་སྐྲུན་གྱི་ཤུགས་འདོན་ས་དམ་འཛིན་བྱེད་པ་དང་། རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ། དངོས་ཡོད་གནད་དོན་ཐག་བཅད་དེ། མུ་མཐུད་ནས་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་གཞི་གསུམ་འཛུགས་སྐྲུན་གྱི་ཆུ་ཚད་ཧྲིལ་བོ་མཐོར་འདེགས་བྱེད་དགོས་ཟེར།  །

 

 

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག