མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་གཞིས་ཁུལ་ཡོ་བསྲང་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-16 10:57

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་། ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་ཁྲིམས་འཛིན་ཐིན་བཅས་ཀྱིས་མཉམ་དུ་ཟི་ལིང་ནས་མཚོ་སྔོན་ཞིང་ཆེན་གྱི་གཞིས་ཁུལ་ཡོ་བསྲང་བྱ་བའི་གྲོས་ཚོགས་བསྡུས་ཤིང་། ཚོགས་ཐོག་ནས་གཞིས་ཁུལ་ཡོ་བསྲང་གི་ལས་སྒོ་སྤེལ་ནས་ལོ་ལྔ་འགོར་བའི་རིང་གི་བྱ་བ་སྤྱི་སྡོམ་བྱས་པར་མ་ཟད། གཞིས་ཁུལ་ཡོ་བསྲང་གི་བྱ་བ་སྒོ་ཀུན་ནས་ལེགས་པོར་སྤེལ་བར་ཞིབ་འཇུག་དང་བཀོད་སྒྲིག་གང་བཟང་བྱས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲང་ཀོང་རུང་ཚོགས་འདུར་ཞུགས་ནས་གཏམ་བཤད། ཧྲིན་ཀྲང་གཞོན་པ། མཚོ་སྔོན་ཞིང་ཆེན་གྱི་གཞིས་ཁུལ་ཡོ་བསྲང་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིག་ཀྲི་ཆང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཀྲང་ཀོང་རུང་གིས་ནན་གྱིས་བསྟན་དོན། དམིགས་འབེན་འགན་འཁྲི་དང་བྱ་བའི་གཙོ་གནད། གནད་འགག་གི་དུས་རིམ་བཅས་དུས་རྒྱུན་ཡིད་ལ་དམ་པོར་བཟུང་ནས། རང་འགན་དུས་ལྟར་ཡོངས་འགྲུབ་ནན་མོ་བྱས་ཏེ། གསར་སྐྲུན་རང་བཞིན་གྱིས་ཧུར་བརྩོན་ཆེན་པོས་འཚོལ་ཞིབ་བྱེད་དགོས་པར་མ་ཟད། ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་བྱེད་ཐབས་ལ་ཞིབ་འཇུག་བྱས་པའི་གནས་ཚུལ་གསར་བ་བཀོལ་སྤྱོད་ཡང་དག་དང་གནད་དོན་གསར་བ་དུས་ལྟར་ཐག་གཅོད་བྱེད་པར་འབད་དེ། ངེས་པ་དོན་གྱིས་ཁྲིམས་ལྟར་བདེན་ལུགས་སྐྱོང་བའི་བྱེད་ཕྱོགས་ལས་སྒོའི་གོང་འོག་བར་གསུམ་ཀུན་ནས་མངོན་པར་བྱས་ཐོག གཞིས་ཁུལ་ཡོ་བསྲང་གི་བྱ་བ་རྒྱུན་ལྡན་ངང་འཁོར་བསྐྱོད་དང་དེར་གྲུབ་འབྲས་གསར་བ་ཞིག་ལོན་པར་འབད་འཐབ་བྱེད་དགོས་ཟེར།

ཀྲུང་ཀོང་རུང་གིས་ས་གནས་སོ་སོའི་འབྲེལ་ཡོད་སྡེ་ཁག་ཚང་མས་མཐོང་ཆེན་བླ་མེད་དང་མགོ་ཁྲིད་ལ་ཤུགས་སྣོན་བྱེད་པ། སེམས་ཞིབ་མོས་རྩ་འཛུགས་བྱེད་པ། བཀོད་སྒྲིག་འཐུས་ཚང་བཅས་ཡོང་བར་འབད་དེ། རྩ་འཛུགས་འཁོར་རྒྱུག་ལམ་ལུགས་དང་བྱ་བའི་འགན་སྲུང་ལམ་ལུགས། མང་ཚོགས་ཟབ་ཞུགས་ལམ་ལུགས་བཅས་སྔར་ལས་འཐུས་ཚང་ཅན་དུ་བཏང་ནས། གཞིས་ཁུལ་ཡོ་བསྲང་གི་བྱ་བ་ཆ་ཚང་ཞིང་གོ་རིམ་ལྡན་པའི་ངང་སྤེལ་བར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག