མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་གྲོང་རྡལ་གྱི་སྨན་བཅོས་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར1.2རྩིས་སྤྲོད་བྱས།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-11-16 10:32

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དཀའ་ངལ་ཡོད་པའི་མང་ཚོགས་ལ་དུས་ཐོག་ཏུ་སྨན་བཅོས་རོགས་སྐྱོར་ཐོབ་པར་ཁག་ཁེག་བྱ་ཆེད། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་དང་། ནོར་སྲིད་ཐིན་གྱིས་སྐོར་གཉིས་པའི་གྲོང་རྡལ་གྱི་སྨན་བཅོས་རོགས་སྐྱོར་མ་དངུལ་སྒོར་ཁྲི12171རྩིས་སྤྲོད་བྱས་ཤིང་། ད་ལོར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་བསྡོམས་པས་ཞིང་ཆེན་རིམ་པའི་སྨན་བཅོས་རོགས་སྐྱོར་མ་དངུལ་སྒོར་ཁྲི30171རྩིས་སྤྲོད་བྱས།

གསར་འགོད་པས་དམངས་སྲིད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཡོངས་ཀྱི་མི་ཚོགས་རིགས་བརྒྱད་ཀྱིས་སྨན་བཅོས་རོགས་སྐྱོར་གཙོ་བོ་བེད་སྤྱོད་བྱས་ཆོག སྨན་བཅོས་རོགས་སྐྱོར་གཙོ་བོ་ཐོབ་པའི་མང་ཚོགས་སྨན་ཁང་དུ་བསྡད་དེ་སྨན་རིན་ཞིབ་བཤེར་རྩིས་ལེན་བྱེད་པའི་བརྒྱུད་རིམ་ནི“གཞི་རྩའི་སྨན་བཅོས་འགན་བཅོལ→ནད་གཞི་ལྗིད་མོའི་སྨན་བཅོས་འགན་བཅོལ→སྨན་བཅོས་རོགས་སྐྱོར”བཅས་ཡིན། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་རོགས་སྐྱོར་གཙོ་བོ་ཐོབ་པའི་མི་ཚོགས་ལ་གཙོ་བོ་གྲོང་རྡལ་གྱི་མ་མཐའི་འཚོ་བའི་འགན་སྲུང་ཐོབ་མཁན་དང་། ཞིང་སྡེའི་ལྔ་སྐྱོང་ཁྱིམ་ཚང་། དྭ་ཕྲུག གཟིགས་སྐྱོང་བྱ་ཡུལ་གཙོ་བོ། དུས་རབས60སྐབས་ཀྱི་ལས་འཁྱུར་ངལ་གསོ་མི་སྣ། དབང་བོ་སྐྱོན་ཅན་ལྗིད་མོ། དབང་བོ་སྐྱོན་ཅན་གྱི་རྒན་པ། དབང་བོ་སྐྱོན་ཅན་མང་བའི་ཁྱིམ་ཚང་ཁྲོད་ཀྱི་དབང་བོ་སྐྱོན་ཅན་བཅས་འདུས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག