མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་བཟོ་སྐྲུན་འཛུགས་སྐྲུན་གྱི་སྙན་ཞུ་ཚོགས་འདུ་བསྡུས།

རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-14 11:10

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཡིས་འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་བཟོ་སྐྲུན་འཛུགས་སྐྲུན་གནས་ཚུལ་གྱི་སྙན་ཞུ་ལ་ཉན་རྗེས་ནན་གྱིས་བསྟན་དོན། ཡིད་ཆེས་ཇེ་བརྟན་དུ་བཏང་ནས། མུ་མཐུད་འབད་པ་བྱས་ཏེ་འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་དམིགས་འབེན་དུས་ལྟར་མངོན་འགྱུར་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

ཡན་ཅིན་ཧེ་ཡིས་འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་བཟོ་སྐྲུན་ནི་མཚོ་སྔོན་ཞིང་ཆེན་གྱི་ཆུ་བེད་བཟོ་སྐྲུན་དང་པོ་ཡིན་ལ། ཆེས་ཆེ་བའི་དམངས་འཚོ་བཟོ་སྐྲུན་ཡང་ཡིན་པས། རིམ་པ་སོ་སོའི་མགོ་ཁྲིད་ཀྱིས་མཐོང་ཆེན་དང་སྤྱི་ཚོགས་ལས་རིགས་སོ་སོས་དོ་སྣང་བྱེད་ཀྱིན་ཡོད། ན་ནིང་གི་ཚུན་ལ། ཧྲུའུ་ཅི་ལོ་ཧོས་ཉིན་དང་ཧྲིན་ཀྲང་ཧའོ་ཕིན་གཉིས་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་འོག ཞིང་ཆེན་ཆུ་བེད་ཐིན་སོགས་འབྲེལ་ཡོད་སྡེ་ཁག་དང་འཛུགས་སྐྲུན་ཁྲོད་ཞུགས་པའི་སྡེ་ཁག་སོ་སོས་དམིགས་འབེན་གཞིར་བཟུང་ནས། བྱེད་ཐབས་ཇེ་དྲག་ཏུ་བཏང་སྟེ་ཧུར་ཐག་གིས་འཛུགས་སྐྲུན་སྤེལ་བས། བཟོ་སྐྲུན་གྱི་འཕེལ་རིམ་སྤྱི་ཁོག་ནས་བདེ་བླག་ཡིན་པ་དང་། ཁྱད་པར་དུ་སྤྱིའི་ཆུ་རྐའི་ཕུག་ལམ་བཟོ་སྐྲུན་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་བཟང་བོ་བླངས་ཡོད། ད་ལྟ་ལོ་མཇུག་བར་དུ་ཉིན་ལྔ་བཅུ་ལས་མེད་ལ། དུས་ཚོད་བྲེལ་འཚུབ་ཆེ་ཞིང་ལས་འགན་ཧ་ཅང་ལྕི་བས། དམིགས་འབེན་དམ་འཛིན་བྱེད་པ་ལས་ལྷོད་གཡེང་མི་བྱེད་པར་སེམས་ཤུགས་གཅིག་སྒྲིལ་གྱིས་འབད་འཐབ་བྱས་ནས། ལོ་མཇུག་ཏུ་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པར་བརྩོན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན།

ཡན་ཅིན་ཧེ་ཡིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བཏོན་པའི་བྱེ་བྲག་གི་དམིགས་འབེན་གཞིར་བཟུང་ནས། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། མགོ་ཁྲིད་ལ་ཤུགས་སྣོན་པ། དཀལ་ངལ་ཁྱད་སེལ་བྱས་ནས། བཟོ་སྐྲུན་འཛུགས་སྐྲུན་བརྟན་བརླིང་ངང་སྤེལ་དགོས། འགན་འཁྲི་ལག་བསྟར་ནན་མོ་དང་། འགན་ཁུར་ཕོད་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། རང་འགན་ཅི་ལྕོགས་ཀྱིས་བཟོ་སྐྲུན་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱེད་དགོས། བཟོ་སྐྲུན་དོ་དམ་ལ་ཤུགས་སྣོན་པ་དང་། ཚན་རིག་ལྟར་འཛུགས་སྐྲུན་དང་བདེ་འཇགས་ངང་འཛུགས་སྐྲུན་སྤེལ་ནས། བཟོ་སྐྲུན་གྱི་བདེ་འཇགས་དང་བཟོ་སྐྲུན་གྱི་རྒྱུ་སྤུས་ལ་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག