མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་ཟླ་དང་པོ་ནས་ཟླ་བཅུ་བའི་བཟོ་ལས་དཔལ་འབྱོར་འཁོར་རྒྱུག་གནས་བབ་ཀྱི་དབྱེ་ཞིབ་གྲོས་ཚོགས་བསྡུས།

རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-14 11:10

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཟླ་དང་པོ་ནས་ཟླ་བཅུ་བའི་བཟོ་ལས་དཔལ་འབྱོར་འཁོར་རྒྱུག་གནས་བབ་ཀྱི་དབྱེ་ཞིབ་གྲོས་ཚོགས་བསྡུས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལོ་ཡུས་ལིན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཚོགས་ཐོག་ནས། ད་ལོར་དཔལ་འབྱོར་མར་འགྲིབ་པའི་གནོན་ཤུགས་མུ་མཐུད་ནས་ཇེ་ཆེར་འགྲོ་བའི་གནས་བབ་ཛ་དྲག་ལ་ཁ་གཏད་དེ། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག ཁེ་ལས་བཅས་ཀྱིས་གནོན་ཤུགས་གདོང་གིས་བསུ་བ་དང་དཀའ་ངལ་ཁྱད་བསལ་བྱས་པས། བཟོ་ལས་དཔལ་འབྱོར་བརྟན་བརླིང་ངང་འཕེལ་རྒྱུས་སུ་བཏང་ཟེར།

ཚོགས་ཐོག་ནས་བསྟན་དོན། མིག་སྔར་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་རྒྱུན་ལྡན་གྱི་དུས་སྐབས་གསར་བར་སླེབས་ཡོད་པས། བསམ་བློ་སྔར་ལས་གཅིག་གྱུར་དང་བསམ་བློའི་གོ་རྟོགས་མཐོར་འདེགས་བྱེད་པ་དང་། ནན་ཏན་གྱིས་གནས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་གཅོད་པ། དམིགས་འབེན་ལས་འགན་དམ་འཛིན་བྱེད་པ། ཞིང་ཆེན་སྲིད་གཞུང་གི་ཆེད་དོན་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་ནན་མོ་བྱེད་པ། རྒྱུ་རྐྱེན་གཙོ་བོར་འགན་སྲུང་བྱེད་པར་ཤུགས་བསྣན་ནས། དཔལ་འབྱོར་བརྟན་བརླིང་ངང་གོང་འཕེལ་དུ་གཏོང་བར་འགན་སྲུང་བྱེད་དགོས། མཐུན་སྦྱོར་ཞབས་ཞུ་ལ་སྔར་ལས་ཤུགས་སྣོན་པ་དང་། དུས་ལྟར་བཟོ་ལས་དཔལ་འབྱོར་འཁོར་རྒྱུག་ཁྲོད་གནས་པའི་འབུར་ཐོན་གནད་དོན་ཐག་གཅོད་པ། ཁ་གཏད་རང་བཞིན་ལྡན་པའི་བྱེད་ཐབས་སྤྱོད་པ། རིགས་བགར་ནས་མཛུབ་སྟོན་དང་ཁེ་ལས་གཅིག་ལ་སྲིད་ཇུས་གཅིག་སྤྱོད་པ། ཧུར་ཐག་གིས་ཁེ་ལས་ལ་རོགས་བྱས་ནས་མ་དངུལ་དང་ཚོང་ར། ཐོན་སྐྱེད་རྒྱུ་ཆ་སོགས་ཕྱོགས་ཀྱི་དཀའ་ཁག་དང་གནད་དོན་ཐག་གཅོད་པ། དངུལ་ཁང་དང་ཁེ་ལས་ཀྱི་གན་རྒྱའི་གྲུབ་འབྲས་ལག་བསྟར་བཟང་བོ་བྱེད་པ། དངུལ་བསྲེས་མཐུན་སྦྱོར་ཞབས་ཕྱི་བཟང་བོར་བསྒྲུབ་པ། ཐབས་བརྒྱ་ཇུས་སྟོང་གིས་ཁེ་ལས་ཀྱི་ཐོན་སྐྱེད་འཁོར་རྒྱུག་གཏན་འཇགས་སུ་གཏོང་བ་བཅས་བྱས་ཏེ། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

ཚོགས་ཐོག་ནས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སང་ལོའི་བྱ་བར་སྔོན་ལ་འཆར་འགོད་དང་ཞིབ་འཇུག་བྱེད་དགོས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་འབྲེལ་བ་དང་། ཐོན་ལས་ཀྱི་གྲུབ་ཚུལ་མྱུར་དུ་ལེགས་སྒྲིག་བྱེད་པ། ལས་གཞི་དང་ཚོང་འགུག་དངུལ་འདྲེན་བྱ་བར་འཆར་འགོད་ནན་ཏན་བྱེད་པ། ཁེ་ལས་ཀྱི་བཅོས་བསྒྱུར་ཟབ་སྤེལ་བྱེད་པ། ཞབས་ཞུའི་ནུས་པ་མཐོར་འདེགས་བྱེད་པ་སོགས་ཕྱོགས་ལ་བཀོད་སྒྲིག་ཡང་དག་བྱེད་པའི་ཐད་རིགས་ལམ་གསར་བ་དང་བྱེད་ཐབས་གསར་བ་བཏོན་ནས། སང་ལོའི་བྱ་བར་མགོ་བཟང་བོ་ཞིག་རྩོམ་དགོས་ཞེས་ནན་གྱིས་བསྟན།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག