མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

དུས་ཚིགས་སྔོན་མ་གསུམ་གྱི་རིང་མཚོ་སྔོན་ཞིང་ཆེན་གྱིས་ཁེ་ལས་ལ་རིགས་སོ་སོའི་ཁྲལ་རིགས་སྒོར་དུང་ཕྱུར26ཆག་ཡང་དུ་བཏང་བ།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-11-14 11:06

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་མུ་མཐུད་དུ་ནོར་སྲིད་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས། ཁེ་ལས་ཀྱིས་ནོར་སྲིད་ཁྲལ་རིགས་གཟིགས་སྐྱོང་སྲིད་ཇུས་འཕེལ་རྒྱས་སུ་གཏོང་བར་རོགས་སྐྱོར་བྱས་པས། དུས་ཚིགས་སྔོན་མ་གསུམ་གྱི་རིང་ཁེ་ལས་ཀྱི་རིགས་སོ་སོའི་ཁྲལ་རིགས་སྒོར་དུང་ཕྱུར26.15ཆག་ཡང་དུ་བཏང་ལ། ཤུགས་ཆེན་པོས་ཁེ་ལས་ཆུང་འབྲིང་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱས་ལ། མུ་མཐུད་དུ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཇེ་ཆེར་བཏང་།

ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ནོར་སྲིད་སྡེ་ཁག་གིས་དཔལ་འབྱོར་གནས་བབ་དང་ཁྲལ་བསྡུ་ཉུང་བསྡུའི་གནོན་ཤུགས་ཐག་བཅད་དེ། ཁེ་ལས་ཀྱི་ཁྲལ་རིགས་ཁུར་བོ་ཇེ་ཡང་དང་ནང་མཁོ་རྒྱ་བསྐྱེད། དམངས་འཚོར་འགན་སྲུང་ལེགས་བཅོས་སོགས་ཀྱི་ཐད་ནས་བྱེད་ནུས་གལ་ཆེན་བཏོན་པ་དང་། ཟླ9བའི་ཟླ་མཇུག་བར་དུ། ཁེ་ལས་ཀྱི་རིགས་སོ་སོའི་ཁྲལ་རིགས་སྒོར་དུང་ཕྱུར26.15ཆག་ཡང་དུ་བཏང་ཡོད།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག