མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་ཐོན་སྐྱེད་བདེ་འཇགས་དོན་རྐྱེན་དང་སྨན་བཅོས་འཕྲོད་བསྟེན་འཕྲལ་སྒྲུབ་མཐུན་སྦྱོར་ལམ་ལུགས་བཟོས་པ།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-11-14 10:56

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས12ཉིན། མཚོ་སྔོན་ཞིང་ཆེན་བདེ་འཇགས་ལྟ་སྐུལ་དོ་དམ་ཅུའུ་དང་ཞིང་ཆེན་འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཚོགས་ཀྱིས་མཉམ་དུ《ཐོན་སྐྱེད་བདེ་འཇགས་དོན་རྐྱེན་དང་སྨན་བཅོས་འཕྲོད་བསྟེན་འཕྲལ་སྒྲུབ་མཐུན་སྦྱོར་ལམ་ལུགས》བཟོས་པ་དང་། རིམ་པ་སོ་སོའི་བདེ་འཇགས་ལྟ་སྐུལ་སྡེ་ཁག་དང་འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་སྡེ་ཁག་བར་གྱི་མཐུན་སྦྱོར་མཉམ་འབྲེལ་ལ་ཤུགས་བསྣན་ཞིང་། ཕན་ནུས་ལྡན་པའི་སྒོ་ནས་རིགས་སོ་སོའི་ཐོན་སྐྱེད་བདེ་འཇགས་དོན་རྐྱེན་ལ་ཁ་གཏད་ནས་དུས་ལྟར་དང་ནུས་པ་ལྡན་པའི་སྒོ་ནས་དོན་རྐྱེན་སྨན་བཅོས་འཕྲོད་བསྟེན་འཕྲལ་སྒྲུབ་ཐག་གཅོད་བྱ་བ་སྤེལ་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ཁག་ཐེག་བྱས།

ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བདེ་འཇགས་ལྟ་སྐུལ་དོ་དམ་སྡེ་ཁག་དང་འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་སྡེ་ཁག་བར་དུ་མུ་མཐུད་དུ“ཆ་འཕྲིན་མཐུད་འབྲེལ་དང་མཐུན་སྦྱོར་མཉམ་ལས། ཐོན་ཁུངས་མཉམ་སྤྱོད”ཀྱི་རྩ་དོན་ལྟར་བྱ་བ་སྤེལ་ནས། དུས་ཡུན་རིང་བ་དང་བརྟན་བརླིང་ཡིན་པ། ཕན་ནུས་མཐོ་བའི་མཐུན་སྦྱོར་ལམ་ལུགས་འཛུགས་པ་འཚོལ་ཞིབ་བྱས་ཏེ། མུ་མཐུད་དུ་རིགས་སོ་སོའི་ཐོན་སྐྱེད་བདེ་འཇགས་དོན་རྐྱེན་ཀྱི་སྨན་བཅོས་འཕྲལ་སྒྲུབ་ཐག་གཅོད་བྱེད་པའི་ནུས་པ་དང་ཆུ་ཚད་མཐོར་འདེགས་སུ་གཏོང་རྒྱུ་རེད།  ། 

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག