མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་སྐབས་ལྔ་བའི་བུད་མེད་ལས་བཟོ་བའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་བོ་ཟི་ལིང་དུ་བསྡུས།

སྟོབས་ལྡན་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-14 10:52

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་སྐབས་ལྔ་བའི་བུད་མེད་ལས་བཟོ་བའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་བོ་ཚེས་བཅུ་གཅིག་ཉིན་ཟི་ལིང་དུ་བསྡུས། གྲོས་ཚོགས་སྟེང་། འདས་པའི་ལོ་ལྔའི་རིང་གི་བུད་མེད་ལས་བཟོ་བའི་བྱ་བའི་ཉམས་མྱོང་སྤྱི་སྡོམ་དང་། དུས་སྐབས་རྗེས་མའི་བྱ་བ་གཙོ་བོ་བཀོད་སྒྲིག་ལེགས་པོ་བྱས། གྲོས་ཚོགས་ནས་མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་བུད་མེད་ཨུ་ཡོན་ལྷན་ཁང་གི་སྐབས་གསར་བའི་མགོ་ཁྲིད་ཐུན་མོང་བདམས་ཐོན་བྱུང་བ་དང་། སྔོན་ཐོན་ཐུན་མོང་དང་། སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་སུའུ་ཉིན་གྲོས་ཚོགས་སུ་ཞུགས་པར་མ་ཟད་གཏམ་བཤད། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དབང་མོ་གདན་དྲངས་པ་ལྟར་གྲོས་ཚོགས་སུ་ཞུགས།

ཉེ་བའི་ལོ་འདི་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་བུད་མེད་ཨུ་ཡོན་ལྷན་ཁང་གིས་བཟོ་ཚོགས་སོ་སོའི་བུད་མེད་ལས་བཟོ་བ་རྩ་འཛུགས་བྱས་ནས་བཟོ་ཚོགས་ཀྱི་བྱ་བ་ཕྱོགས་ཡོངས་ནས་དམ་འཛིན་བྱས་པ་དང་། ནན་ཏན་སྒོས་བྱ་བར་འགན་ཁུར་བ་དང་། ལག་ལེན་མཐའ་འཁྱོལ་བྱས་ནས་བྱ་བ་སོ་སོར་གྲུབ་འབྲས་གསར་བ་བླངས། ལོ་ལྔའི་ནང་དུ། བུད་མེད་ལས་བཟོ་བ་རྩ་འཛུགས་བྱས་ནས་བྱས་རྗེས་ཅན་གྱི་བྱ་འགུལ་ཐེངས་སྟོང་ལྔ་དང་དགུ་བརྒྱ་གྱ་གཅིག་སྤེལ་ལ། བྱ་འགུལ་དེ་དག་ནང་དུ་བུད་མེད་ལས་བཟོ་བ་བྱེ་བ་གསུམ་དང་ས་ཡ་དགུ་འབུམ་བརྒྱད་ཁྲི་གསུམ་ཞུགས་ཤིང་། ད་བར་དུ་མཚོ་སྔོན་ཞིང་ཆེན་གྱི་བུད་མེད་བཟོ་ཚོགས་ཁྲི་གཅིག་དང་སྟོང་བཞི་ཉིས་བརྒྱ་སོ་གསུམ་རྩ་འཛུགས་འཛུགས་སྐྲུན་བྱས་ཡོད་ལ། རྩ་འཛུགས་འཛུགས་སྐྲུན་གྱི་ཚད་བརྒྱ་ཆའི་གོ་བརྒྱད་ལྷག་ཏུ་བསླེབས་ཤིང་། དེས་ཁེ་ལས་ཁྲི་གཅིག་དང་སྟོང་ལྔ་དགུ་བརྒྱ་ཉི་ཤུ་ལ་ཁེབས་པ་དང་། བུད་མེད་ལས་བཟོ་བ་བྱེ་བ་གཉིས་དང་ས་ཡ་གསུམ་ཁྲི་ལྔ་སྟོང་དྲུག་ལ་ཁེབས་པར་བྱས་ཡོད།

གྲོས་ཚོགས་ལས་བསྟན་དོན། ཁྲིམས་ལྟར་དུས་སྐབས་གསར་བའི་བུད་མེད་ལས་བཟོ་བའི་བྱ་བ་ནན་ཏན་སྒོས་སྒྲུབ་པ་དང་། འགན་འཁྲི་ལ་ཤུགས་སྣོན་པ། འགན་ཁུར་བརྩི་སྲུང་བྱེད་པ། ཁྲིམས་ལྟར་འོས་འགན་དམ་དུ་བཟུང་ནས་བུད་མེད་ལས་བཟོ་བའི་ཡོངས་ཁྱབ་རང་བཞིན་གྱི་ངལ་རྩོལ་ནུས་ཤུགས་ལ་སྐུལ་འདེད་བཏང་ནས། རྒྱ་ཆེའི་བུད་མེད་ལས་བཟོ་བ་ལ་རང་ཉིད་ཀྱི་ནུས་པ་འདོན་པར་སྐུལ་ཁྲིད་དང་ནུས་པ་བླ་ལྷག་ཐོན་ཟེར།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག