མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་གྲོས་ཚོགས་ཐེངས་བཞི་བཅུ་བ་བསྡུས།

བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-13 11:38

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་གྲོས་ཚོགས་ཐེངས་བཞི་བཅུ་བ་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མུའུ་ཏུང་ཧྲིན་དང་ཧྲིན་ཧི། སྟག་འབུམ་ཐར། དབང་མོ། ཚའོ་ཝུན་ཧུའུ། མ་ཝེ། ཚའོ་ཧུང་། དྲུང་ཡིག་ཆེན་མོ་ཚའོ་ཏི་ཀོས་བཅས་གྲོས་ཚོགས་སུ་ཞུགས། མུའུ་ཏུང་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི«མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་བ་སྤེལ་བའི་སྲོལ་ཡིག»དང་འབྲེལ་བའི་སྟ་གོན་གྱི་གནས་ཚུལ་སྙན་ཞུ་དང་། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་ཞིང་ཕྱུགས་ཨུ་ཡོན་ལྷན་ཁང་གི«མཚོ་སྔོན་ཞིང་ཆེན་གནམ་གཤིས་གནོད་སྐྱོན་སྔོན་འགོག་སྲོལ་ཡིག»ལ་གྲོས་ཞིབ་བྱས་པའི་གནས་ཚུལ་སྙན་ཞུ། མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ་དང་འཛུགས་སྐྲུན་དང་འབྲེལ་བའི་བཟོ་སྐྲུན་ལག་བསྟར་བྱས་པའི་གནས་ཚུལ་སྙན་ཞུ། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས་པའི་སྙན་ཞུ་སོགས་སྙན་ཞུ་མང་བོར་བསྟུད་མར་ཉན།

ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སློབ་གསོ་ཚན་རྩལ་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི«ཟི་ལིང་གྲོང་ཁྱེར་གྱི་སྤྱི་བའི་ཚོགས་ར་ནས་དུ་བ་འཐེན་པ་འགོག་པར་དོ་དམ་བྱེད་པའི་སྲོལ་ཡིག»དང་འབྲེལ་བའི་ཞིབ་བཤེར་སྙན་ཞུ་དང་། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་ཕྱིར་སྡོད་རང་མིའི་ཨུ་ཡོན་ལྷན་ཁང་གི«མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་སྔོན་ཐོན་སྲོལ་ཡིག»དང་འབྲེལ་བའི་ཞིབ་བཤེར་སྙན་ཞུ་སོགས་སྙན་ཞུ་མང་བོར་དཔྱད་བསྡུར་བྱས།   །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག