མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཝང་ཅན་ཅོན་ཟི་ལིང་གྲོང་ཁྱེར་གྱི་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་བྱ་བའི་ཚོགས་འདུར་ཞུགས།

བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-13 11:36

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅོན་ཟླ་བཅུ་གཅིག་པའི་ཚེས་བཅུ་གཅིག་ཉིན་བསྡུས་པའི་ཟི་ལིང་གྲོང་ཁྱེར་གྱི་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་བྱ་བའི་ཚོགས་འདུར་ཞུགས་ནས་ནན་གྱིས་བསྟན་དོན། རྫོང་གི་མངའ་ཁོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་རྒྱུ་གཙོ་གནད་དུ་འཛིན་པ་དང་། སྒོ་ཀུན་ནས་བཅོས་སྒྱུར་ཟབ་སྤེལ་གྱི་བྱ་བ་ཧུར་བརྩོན་ཆེན་པོས་བསྒྲུབ་པ། སྔར་ལས་ལྷག་པའི་སྒོ་ནས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ནང་གནས་ཀྱི་སྟོབས་ཤུགས་བསྐྲུན་ཏེ། རྫོང་ཁོངས་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བར་ཁག་ཐེག་བྱེད་དགོས་ཟེར།

ཝང་ཅན་ཅོན་གྱིས་བསྟན་དོན། རྫོང་ཁོངས་དཔལ་འབྱོར་གྱིས“ཞིང་གསུམ”ཡོངས་ཁེབས་པར་འབད་རྒྱུ་དང་། མཁར་གྲོང་དང་འབྲེལ་མཐུད་གང་ལེགས་བྱེད་རྒྱུ་ནི། ཆེས་རྩ་བར་གྱུར་བའི་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་དང་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤྱིའི་ཆ་ནས་འཕེལ་རྒྱས་སུ་གཏོང་བའི་ཐབས་ཤེས་དམ་པ་ཡིན་ཟེར།

ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། གཙོ་གནད་འབུར་ཐོན་དང་། ཤུགས་འདོན་ས་གཙོ་བོ་དང་ཐོད་བརྒལ་གྱི་ཆ་མ་ནོར་བའི་ངང་བཙལ་ཏེ། སྟོབས་ཤུགས་གང་ཡོད་རྩལ་དུ་བཏོན་ནས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་གང་ཐུབ་བྱེད་དགོས་ཟེར།   །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག