མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཐུན་ཏེ་རྫོང་སྤྱི་བདེ་ཅུའུ་ཡིས2014ལོའི་བཅའ་ཁྲིམས་ཁྱབ་གདལ་རྒྱུགས་ལེན་སྤེལ།

རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-13 11:26

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་ལྔའི་ཁྲིམས་ལུགས་དྲིལ་སྒྲོག་ཐེངས་དྲུག་པའི་བཅའ་ཁྲིམས་ཁྱབ་གདལ་བྱ་བ་སྔར་ལས་བཟང་བོར་སྤེལ་བ་དང་། མི་དམངས་ཉེན་རྟོག་པས་ཁྲིམས་ལུགས་སློབ་སྦྱོང་དང་ཁྲིམས་ལུགས་བཀོལ་སྤྱོད་བྱེད་པའི་སྣང་ཚུལ་བཟང་བོ་བསྐྲུན་པ། སྤྱི་བདེ་ལས་ཁུངས་ཀྱི་ཁྲིམས་འཛིན་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་ཆེད། ཟླ་བཅུ་གཅིག་པའི་ཚེས་བཅུ་ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་སྤྱི་བདེ་ཅུའུ་ཡིས་རྫོང་ཁྲིམས་ལུགས་ཁྱབ་གདལ་གཞུང་སྒྲུབ་ཁང་གི་རེ་བ་ལྟར་དུ། ཧུར་ཐག་གིས་སྒྲིག་གཞི་དང་ལས་རྐང་དུ་ཡོད་པའི་མི་དམངས་ཉེན་རྟོག་པ་དྲུག་ཅུ་ལྷག་རྩ་འཛུགས་བྱས་ནས2014ལོའི་ཁྲིམས་ལུགས་ཤེས་བྱའི་རྒྱུགས་ལེན་ཁྲོད་ཞུགས་སུ་བཅུག

ཐེངས་འདིའི་རྒྱུགས་ལེན་གྱིས་དཔེ་ཆ་སོགས་ལ་བལྟས་ཆོག་པའི་རྒྱུགས་ལེན་གྱི་རྣམ་པ་སྤྱད་ཡོད་ལ། རྒྱུགས་ཀྱི་ནང་དོན་ཐད་ནས་རྫོང་ཡོངས་ཀྱི་དྲུག་ལྔའི་ཁྲིམས་ལུགས་ཁྱབ་གདལ་ཇུས་འགོད་གཙོར་བྱས་ཡོད་ལ། ཐེངས་འདིའི་ཁྲིམས་ལུགས་ཁྱབ་གདལ་ཤེས་བྱའི་རྒྱུགས་ལེན་བརྒྱུད་དེ་ཐུན་ཏེ་རྫོང་གི་ཉེན་རྟོག་པའི་ཁྲིམས་ལུགས་འདུ་ཤེས་ཇེ་དྲག་ཏུ་བཏང་བ་དང་། མི་དམངས་ཉེན་རྟོག་པའི་བཅའ་ཁྲིམས་བྱང་ཚད་མཐོར་འདེགས་བྱས་ལ། རང་རྟོགས་ཀྱིས་ཁྲིམས་ལུགས་སློབ་སྦྱོང་དང་ཁྲིམས་ལུགས་བཀོལ་སྤྱོད་བྱེད་པའི་སྣང་ཚུལ་བཟང་བོ་བསྐྲུན་ནས། ཐུན་ཏེ་རྫོང་སྤྱི་བདེ་ཅུའུ་ཡི་ཁྲིམས་ལུགས་ཁྱབ་གདལ་བྱ་བ་ཟབ་སྤེལ་བྱེད་པའི་ཐད་རྨང་གཞི་བརྟན་པོ་བཏིངས།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག