མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མིན་ཡོན་རྫོང་གི་དཀའ་ངལ་མང་ཚོགས་ཁྱིམ་ཚང5073སྡོད་ཁང་གསར་བའི་ནང་སྤར་བ།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-11-13 11:10

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2009ལོར་ཞིང་སྡེའི་དཀའ་ངལ་མང་ཚོགས་ཀྱི་ཁང་རྙིང་བསྒྱུར་བཅོས་ལག་བསྟར་བྱས་པའི་ཚུན། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་རྫོང་གིས་མ་དངུལ་སྒོར་དུང་ཕྱུར2.393བཏང་ནས་བསྡོམས་པས་ཞིང་སྡེའི་ཁང་རྙིང་བསྒྱུར་བཅོས་ཁྱིམ་ཚང5073ལེགས་འགྲུབ་བྱས་ཡོད། དེའི་ནང་ཀྲུང་དབྱང་གི་ཁ་གསབ་མ་དངུལ་སྒོར་ཁྲི3332.8དང་ཞིང་ཆེན་རིམ་པའི་ཁ་གསབ་མ་དངུལ་སྒོར་ཁྲི5180། ཁུལ་རིམ་པའི་ཆ་སྡེབ་མ་དངུལ་སྒོར་ཁྲི626.69། རྫོང་རིམ་པའི་ཆ་སྡེབ་མ་དངུལ་སྒོར་ཁྲི1462.27བཅས་ཡོད། མིག་སྔར་གསར་འཛུགས་བྱས་པའི་སྡོད་ཁང་ནང་གནས་སྤར་ཡོད་པ་དང་། སྡོད་ཁང་ལས་འགོ་ཚུགས་ཚད་དང་ལེགས་འགྲུབ་བྱས་ཚད། སྡོད་ཁང་ནང་གནས་སྤར་ཚད་བཅས་གསུམ་ག100ལ་སླེབས་པའི་དམིགས་འབེན་མངོན་འགྱུར་བྱས་ཡོད།

རྒྱུས་ལོན་པ་ལྟར་ན། ཞིང་སྡེའི་ཁང་རྙིང་བསྒྱུར་བཅོས་ཁྲོད། རིམ་པ་སོ་སོའི་སྲིད་གཞུང་གིས་ནན་ཏན་སྒོས་གོ་རིམ་ལྟར་དཀའ་ངལ་མང་ཚོགས་གཏན་འཁེལ་བྱས་པ་མ་ཟད། དམངས་གཙོ་དཔྱད་བསྡུར་དང་ཡང་བསྐྱར་སྤྱི་བསྒྲགས་བྱས་ཏེ། ཞིང་སྡེའི་ཁང་རྙིང་རིམ་པ་དང་ཞིང་ཁྱིམ་དཔལ་འབྱོར་གནས་བབ་ཕྱོགས་བསྡུས་བྱས་ཏེ་རིགས་བགར་ནས་ཁ་གསབ་བྱས་པ་དང་། གོ་རིམ་ཧྲིལ་བོར་སྤྱི་ཚོགས་ཀྱིས་ལྟ་སྐུལ་བྱས་ཡོད།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག