མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

བསྟན་ཁོས་མཚོ་བྱང་དང་མཚོ་ནུབ་ཁུལ་གཉིས་ཀྱི་མི་རིགས་བྱ་བར་རྟོག་ཞིབ་བྱས།

བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-12 10:50

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས6ནས་ཚེས8བར་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་བསྟན་ཁོ་སྔ་གཞུག་ཏུ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཐེམ་ཆེན་རྫོང་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་རྐང་ཚ་རྫོང་གཉིས་སུ་སོང་ནས། ལས་བྱེད་པ་དང་མི་དམངས་མང་ཚོགས་ཀྱིས་མི་རིགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱས་པའི་གནས་སྟངས་ལ་བཟུང་བའི་རྣམ་འགྱུར་དང་མི་རིགས་བྱ་བར་བཏོན་པའི་བསམ་འཆར་ལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད། ཀྲུང་དབྱང་མི་རིགས་བྱ་བའི་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་གང་ལེགས་བྱས།

བསྟན་ཁོས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གཉིས་ཀྱི་གཅིག་གྱུར་བཀོད་སྒྲིག་ལྟར། ཀྲུང་དབྱང་མི་རིགས་བྱ་བའི་ཚོགས་འདུའི་དགོངས་དོན་དང་དམ་པོར་སྦྲེལ་གང་ཐུབ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་མི་རིགས་མཐུན་སྒྲིལ་སྔོན་བསྐྱོད་ཡར་ཐོན་ས་ཁུལ་འཛུགས་སྐྲུན་བྱ་བའི་ཐབས་ཇུས་རང་བཞིན་དང་ཡོངས་ཁྱབ་རང་བཞིན། རྩ་བའི་རང་བཞིན་བཅས་ཀྱི་ཁྱད་ཆོས་འབུར་ཐོན་ཡོང་བར་བྱས་ནས། མི་རིགས་སྲིད་ཇུས་ཀྱི་འདུ་ཤེས་ནི་ཐོག་མཐའ་ཀུན་ཏུ་མང་ཚོགས་ལམ་ཕྱོགས་དང་། ཐུན་མོང་ཆིག་སྒྲིལ། སྟོབས་ཤུགས་ཅི་ཡོད་གོང་བུ་གཅིག་གྱུར་ཡོང་བ་བཅས་ཀྱི་འགན་ལེན་གཙོ་བོར་བརྩིས་མཐར། ཡང་དག་པའི་སྒོ་ནས་ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་དངོས་འབེབས་བཟང་བོ་ཡོང་བར་འབད་དེ། ཏང་གི་མི་རིགས་གཞུང་ལུགས་དང་སྲིད་ཇུས་དྲིལ་སྒྲོག་ཤུགས་ཆེན་བྱས་ནས། བཀའ་ཁྲིམས་གཅིག་གྱུར་དང་སྲིད་ཇུས་དོན་འཁྱོལ་ཡོང་བར་སྒོ་ཀུན་ནས་འབད་དགོས་ཟེར། བསྟན་ཁོས་ནན་གྱིས་བསྟན་དོན། ཁྲིམས་སྐྱོང་འདུ་ཤེས་ནི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཞི་རྩའི་ཐབས་ཇུས་དང་། མི་རིགས་ས་གནས་ཀྱི་སྤྱི་ཚོགས་ལེགས་བཅོས་བྱས་ནས་དེང་རབས་ཅན་ལ་འཕེལ་བར་སྐུལ་བའི་བླང་བྱ་ལྡོག་མེད་ཡིན་པས། ཁྲིམས་སྐྱོང་འདུ་ཤེས་བརྟན་པོ་འཛུགས་པ་དང་།ཁྲིམས་སྐྱོང་གི་ནང་དོན་ནོར་འཛོལ་མེད་པའི་ངང་སྒྲོག་འགྲེལ་བྱེད་པ། ཁྲིམས་སྐྱོང་གི་མཁའ་དབུགས་ལེགས་པོ་ཞིག་ངང་ངམ་ཤུགས་ཀྱིས་གྲུབ་པར་འབད་དེ། མི་རིགས་ས་གནས་ཀྱི་སྤྱི་ཚོགས་ལས་དོན་དང་ཆོས་ལུགས་ལས་དོན་སོགས་ཚང་མ་ཁྲིམས་སྐྱོང་རྩ་དོན་ལྟར་བསྒྲུབ་ནས། ཁྲིམས་སྐྱོང་བྱ་བའི་ཡང་དག་རང་བཞིན་དང་ཡིད་རྟོན་རང་བཞིན། གཟབ་ནན་རང་བཞིན་བཅས་མངོན་དུ་བཅུག་སྟེ། སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་དང་བོད་ཁུལ་ཡུན་རིང་བརྟན་གནས་བདེ་འགོད་གྱི་བྱ་གཞག་མངོན་དུ་འགྱུར་བར་འབད་འབུངས་བརྩོན་ལེན་བྱ་དགོས་ཟེར།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག