མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

བློ་མཐུན་ཀྲང་ཡོང་གི་སྔོན་ཐོན་བྱས་རྗེས་ལ་སྙན་ཞུ་འབུལ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས།

བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-12 10:17

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་བཅུ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་སྲིད་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་བྱས་ཤིང་། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་གྱིས་འགན་སྒྲུབ་བྱས་པའི་བློ་མཐུན་ཀྲང་ཡོང་གི་སྔོན་ཐོན་བྱས་རྗེས་ལ་སྙན་ཞུ་འབུལ་བའི་གྲོས་ཚོགས་དེ་མཚོ་སྔོན་ཞིང་ཆེན་གྲོས་ཚོགས་ལྟེ་གནས་ནས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲང་ཀོང་རུང་དང་། ཧྲིན་ཀྲང་གཞོན་པ། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐིན་ཀྲང་ལིག་ཀྲི་ཆང་། དེ་མིན་ད་དུང་ཞིང་ཆེན་ནང་ཁུལ་གྱི་ལས་ཁུངས་སོ་སོ་དང་སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་ནས་ཕེབས་པའི་ལས་བྱེད་པ་དང་མང་ཚོགས་བཅས་ཀྱིས་མཉམ་དུ་ཐེངས་འདིའི་སྙན་ཞུར་གསན་ཞིབ་བྱས། སྙན་ཞུ་ཚོགས་འདུའི་སྟེང་དུ། དེ་སྔ་བློ་མཐུན་ཀྲང་ཡོང་གི་མཛད་རྗེས་ལ་བཅར་འདྲི་སྙན་སྒྲོན་བྱས་པའི་གསར་འགོད་པ་དང་། བློ་མཐུན་ཀྲང་ཡོང་གིས་དེ་སྔ་ཞབས་འདེགས་བྱས་མྱོང་བའི་ཁེ་ལས་ཀྱི་འཐུས་ཚབ་མི་སྣ། མཉམ་དུ་བྱ་བ་སྒྲུབ་མྱོང་བའི་འཐབ་མོ་བ་བཅས་ཀྱིས་ཟུར་ལེན་སྟངས་མི་འདྲ་བའི་སྒོ་ནས་བློ་མཐུན་ཁོང་གི་བླ་མེད་མཛད་རྗེས་ལ་བསྐྱར་དུ་གདེང་འཇོག་བྱས་པས། སྙན་ཞུའི་གོ་རིམ་འཁྲུག་ཆ་དོད་ལ་ཡིད་སེམས་རྨང་ནས་སྒུལ་བ་ཞིག་རེད། ཚོགས་ཞུགས་མི་སྣ་ཡོངས་ཀྱིས་མགྲིན་གཅིག་ཏུ་བཤད་དོན། བློ་མཐུན་ཀྲང་ཡོང་ནི་རང་འགན་གཙང་སྒྲུབ་བྱེད་མཁན་དང་། རང་ནུས་ཡོད་རྒུ་དམངས་ཀྱི་ཆེད་དུ་འབུལ་བ་ལ་ཕངས་སེམས་མེད་པའི་ཉེན་རྟོག་དཔོན་པོ་དགའ་ཞིག་ཡིན་པར་མ་ཟད། ཀུན་གྱི་ཁ་མིག་ཡར་ལྟ་བྱེད་དགོས་པའི་སྔོན་ཐོན་གྱི་དཔེ་མཚོན་གསོན་པོ་ཞིག་ཡིན་པས། ང་ཚོས་དུས་རྟག་པར་ཁོང་མིག་དཔེར་བཟུང་ནས། སྤྱི་ཚོགས་དང་མི་དམངས་ལ་ཕན་ཐོགས་ཡོད་པའི་ལས་བྱེད་པ་རྣལ་མ་ཞིག་འཁྱོངས་བར་འབད་འབུངས་ཧུར་བསྐྱེད་བྱ་རྒྱུ་ཡིན་ཟེར། སྙན་ཞུ་ཚོགས་འདུ་དེས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་གྲོས་གཞི་བཏོན་ཞིང་། བློ་བརྟན་འགྱུར་མེད་ཀྱི་ཕུགས་འདུན་སྙིང་ལ་དམ་པོར་བཅངས་ནས། མི་རིགས་བསྐྱར་དར་གྱི་ལོ་རྒྱུས་འགན་འཁྲི་ཕྲག་ལ་དམ་པོར་འཁུར་ཏེ། དཀའ་ངལ་ལ་མི་གཡོལ་ཞིང་ཉེན་ཁར་མི་སྐྲག་པའི་ལས་བྱེད་པ་བཟང་བོ་ཞིག་འཁྱོངས་བར་སྒོ་ཀུན་ནས་རྨང་གཞི་བརྟན་པོ་འདིང་དགོས་པ་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་བླ་མེད་སྤྱོད་བཟང་རྒྱུན་འཛིན་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་། ཏང་དང་རྒྱལ་ཁབ་ལ་དགའ་ཞེན་བྱེད་པ་ནི་མི་དམངས་ཀྱི་ཆེད་དུ་ཡིན་པ། བྱ་བའི་བྱེད་ཕྱོགས་གསར་སྒྱུར་བཅས་བྱས་ཏེ། འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་དང་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་སྟོབས་ཤུགས་གང་ཡོད་རྩལ་དུ་འདོན་དགོས་ཟེར།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག