མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

གཅིག་སྒྲིལ་རྫོང་གཙང་གསུམ་འབྱུང་ཡུལ་གཞུང་སྒྲུབ་ཁང་གིས་ས་ནག་ཐང་བཅོས་སྐྱོང་བྱས་ནས་མང་ཚོགས་ལ་ཕན་བདེ་བསྐྲུན།

སྟོབས་ལྡན་རྒྱལ། དཔའ་བརྟན་རྒྱལ། ཕྱུག་བློ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-12 10:17

11.jpg

གཙང་གསུམ་འབྱུང་ཡུལ་གྱི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ནང་ཧྲི་དབང་ལྡན་གྱིས་གསར་འགོད་པར་ས་ནག་ཐང་བཅོས་སྐྱོང་གི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ།

111.jpg

སྦྲ་གསར་ཞང་འབྲི་ངམ་སྡེ་བའི་སྡེ་དཔོན་ཙི་བྷོ་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་བཞིན་པ།

1111.jpg

ས་ནག་ཐང་བཅོས་སྐྱོང་གི་ལས་གཞི་ལག་བསྟར་དངོས་འབེབ་བྱས་ཏེ་རྩྭ་ས་སླར་གསོ་བྱེད་བཞིན་པ།

11111.jpg

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་དྲིལ་བསྒྲགས་པུའུ་ནས་ཤེས་གསལ་བྱུང་བ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ་གཅིག་སྒྲིལ་རྫོང་གཙང་གསུམ་འབྱུང་ཡུལ་གཞུང་སྒྲུབ་ཁང་གིས་གཙང་གསུམ་འབྱུང་ཡུལ་གྱི་འགོ་ཁུངས་དང་གཉན་པོ་གཡུ་རྩེའི་རི་རྒྱུད་གཙོ་བོར་བཟུང་ནས་ཁྱོན་བསྡོམས་ཁོར་ཡུག་སྲུང་སྐྱོབ་ཀྱི་སའི་རྒྱ་ཁྱོན་མུས་གྲུ་བཞི་མ་སྟོང་གསུམ་ཉིས་བརྒྱ་ལྷག ལ་སླེབས་ཡོད་པ་དང་། དེས་རྫོང་ཡོངས་ཀྱི་སའི་རྒྱ་ཁྱོན་ཁྲོད་དུ་བརྒྱ་ཆའི་སོ་དྲུག་དང་གྲངས་ཆུང་ལྔ་ལྔ་ཟིན་ཡོད། ཉིས་སྟོང་བཅུ་གསུམ་ལོ་ནས་བཟུང་མ་དངུལ་སྒོར་ས་ཡ་ལྔ་དང་འབུམ་དྲུག་ལྷག་བཏང་ནས་ས་ནག་ཐང་བཅོས་སྐྱོང་གི་ལས་གཞི་དངོས་སུ་འགོ་བརྩམས་ཤིང་། ས་མུའུ་ཁྲི་བརྒྱད་ལྷག་གི་སྟེང་དུ་རྩྭ་འདེབས་འཛུགས་བྱས་ཏེ་གྲུབ་འབྲས་འབུར་ཐོན་བླངས་ནས། མང་ཚོགས་ལ་ཕན་བདེ་གང་ལེགས་བསྐྲུན།

    གཙང་གསུམ་འབྱུང་ཡུལ་གྱི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ནང་ཧྲི་དབང་ལྡན་གྱིས་བཤད་རྒྱུར། གཅིག་སྒྲིལ་རྫོང་སྦྲ་གསར་ཞང་གིས་ལོ་འདི་དག་གི་རིང་ལ་ས་ནག་ཐང་བཅོས་སྐྱོང་བྱེད་པའི་ལས་གཞི་སྣ་ཚོགས་ལག་བསྟར་དངོས་འབེབ་བྱས་པ་དེས་རྩྭ་སའི་འཚོ་བཅུད་སྔར་ལས་ཇེ་ལེགས་སུ་སོང་ཡོད་པར་མ་ཟད། ས་གནས་མང་ཚོགས་ཀྱིས་ས་ནག་ཐང་བཅོས་སྐྱོང་གི་བྱ་བར་བསྟོད་བསྔགས་དང་རྒྱབ་སྐྱོར་གང་ལེགས་བྱེད་བཞིན་ཡོད།

    གཅིག་སྒྲིལ་རྫོང་གཙང་གསུམ་འབྱུང་ཡུལ་གཞུང་སྒྲུབ་ཁང་གིས་ཉེ་བའི་ལོ་འདི་འགར་རྒྱལ་ཁབ་ཀྱི་མ་དངུལ་འབོར་ཆེན་བརྩོན་ལེན་བྱས་ཏེ། ས་ནག་ཐང་བཅོས་སྐྱོང་གི་ལས་གཞི་སྣ་ཚོགས་རིམ་པར་ལག་བསྟར་དངོས་འབེབ་དང་དོན་འཁྱོལ་ཡོང་བར་བྱས་ནས་ད་སྐབས་སྡེ་བ་སོ་སོའི་རྩྭ་ས་སླར་གསོ་བྱས་ཏེ་སྔོ་ལྗང་ཅན་དུ་གྱུར་ཡོད་པར་མ་ཟད། དམངས་ཕན་གྱི་སྲིད་ཇུས་འདིས་ས་གནས་མང་ཚོགས་ཡོངས་ལ་ཕན་ཁེ་གང་ལེགས་བསྐྲུན་བཞིན་ཡོད།

    གོང་དུ་ཚང་མས་ཉན་པ་ནི་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་དཔའ་བརྟན་རྒྱལ་དང་སྟོབས་ལྡན་རྒྱལ། ཕྱུག་བློ་བཅས་ཀྱིས་སྒྲ་བླངས་ནས་བཀོད་པའི་གསར་འགྱུར། ས་ནག་ཐང་བཅོས་སྐྱོང་བྱས་ནས་མང་ཚོགས་ལ་ཕན་བདེ་བསྐྲུན་ཞེས་པ་དེ་ཡིན།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག