མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཤང་སྡེའི་སློབ་གྲྭའི་ན་གཞོན་ཕོ་བྲང་ལས་གཞི་འཛུགས་སྐྲུན་ཡུལ་དངོས་ཚོགས་འདུ་དེ་མིན་ཡོན་རྫོང་ནས་བསྡུས།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-11-11 10:23

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས7ཉིན། མཚོ་སྔོན་ཞིང་ཆེན་དཔལ་ཡོན་གཞུང་སྒྲུབ་ཁང་དང་ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་སློབ་གསོ་ཐིན་བཅས་ཀྱིས་མཉམ་དུ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧའེ་རིགས་རང་སྐྱོང་རྫོང་ནས་ཞིང་ཆེན་ཡོངས་ཀྱི་ཤང་སྡེའི་སློབ་གྲྭའི་ན་གཞོན་ཕོ་བྲང་ལས་གཞི་འཛུགས་སྐྲུན་ཡུལ་དངོས་ཚོགས་འདུ་བསྡུས། 2014ལོའི་ཤང་སྡེའི་སློབ་གྲྭའི་ན་གཞོན་ཕོ་བྲང་ལས་གཞི་སློབ་གྲྭ42ཡི་སློབ་གཙོ་དང་ལས་གཞི་གྲོང་ཁྱེར་དང་ཁུལ། རྫོང་དང་ས་ཁུལ་དཔལ་ཡོན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་བཅས་ཀྱིས་ཡུལ་དངོས་སུ་མིན་ཡོན་རྫོང་ཞི་ཐན་ཤང་བཅའ་སྡོད་ལམ་ལུགས་སློབ་ཆུང་དང་ཏུང་ཁྲོན་བཅའ་སྡོད་ལམ་ལུགས་སློབ་ཆུང་གི་ཤང་སྡེའི་སློབ་གྲྭའི་ན་གཞོན་ཕོ་བྲང་ལས་གཞིའི་འཛུགས་སྐྲུན་དང་དོ་དམ། འཁོར་སྐྱོད་གནས་ཚུལ་ལ་ལྟ་སྦྱོང་བྱས་པ་དང་། ས་ཁུལ་དང་སྡེ་ཁག སློབ་གྲྭ་བཅས་སོ་སོས་ཤང་སྡེའི་སློབ་གྲྭའི་ན་གཞོན་ཕོ་བྲང་ལས་གཞི་འཛུགས་སྐྲུན་བྱེད་པའི་ཐད་ཀྱི་ཉམས་མྱོང་བརྗེ་རེས་བྱས།

ཤང་སྡེའི་སློབ་གྲྭའི་ན་གཞོན་ཕོ་བྲང་ལས་གཞི་ནི“ཀྲུང་དབྱང་ཆེད་དམིགས་ཀྱི་རྒྱན་ཤོག་སྤྱི་ཕན་མ་དངུལ་གྱིས་རོགས་སྐྱོར་བྱེད་པའི་ཤང་སྡེའི་སློབ་གྲྭའི་ན་གཞོན་ཕོ་བྲང་ལས་གཞི”ཞེས་པ་དེ་ཡིན་ལ། ཀྲུང་དབྱང་དཔལ་ཡོན་གཞུང་སྒྲུབ་ཁང་དང་རྒྱལ་ཁབ་ནོར་སྲིད་པུའུ། རྒྱལ་ཁབ་སློབ་གསོ་པུའུ་བཅས་ཀྱིས་ཉེ་བའི་ལོ་འགའི་རིང་ལ་ན་གཞོན་གྱི་བསམ་བློའི་ཀུན་སྤྱོད་འཛུགས་སྐྲུན་ཐད་ལ་ལག་བསྟར་བྱས་པའི་བཟོ་འགོད་ཆེས་ཆེ་བ་ཞིག་ཡིན་ལ། དེས་རོང་འབྲོག་ཁུལ་གྱི་ན་གཞོན་གྱི་བསམ་བློའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་གཏོང་བ་དང་། རོང་འབྲོག་ཁུལ་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པ། སྤུས་ཚད་སློབ་གསོ་དང་སློབ་གསོ་ཆ་སྙོམས་ལ་སྐུལ་འདེད་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན། 2011ལོའི་ཚུན་ནས་བཟུང་མཚོ་སྔོན་ཞིང་ཆེན་དཔལ་ཡོན་གཞུང་སྒྲུབ་ཁང་གིས་ལས་གཞི་འདིའི་རྣམ་གྲངས95བརྩོན་ལེན་བྱས་པ་དང་། ལས་གཞིའི་སྤྱིའི་མ་དངུལ་སྒོར་ཁྲི2535ལ་སླེབས་པ་དང་། ལས་གཞིའི་སློབ་གྲྭ་དག་ཞིང་ཆེན་ཡོངས་ཀྱི་ཁུལ་དང་གྲོང་ཁྱེར་བརྒྱད་ལ་ཁྱབ་ཡོད་པ་དང་། སློབ་མ་ཁྲི10ལྷག་ལ་ཕན་ཁེ་བསྐྲུན་ཡོད།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག