མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་གྲོས་ཚོགས་བསྡུས་པ་དང་ཧྲུའུ་ཅི་ལོ་ཧོས་ཉིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།

བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-11 10:23

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་ཚེས་བཅུ་ཉིན་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པར་གྲོས་ཞིབ་བྱེད་དུ་སྤྲོད་རྒྱུ་ཡིན་པའི་ཡིག་ཆར་གྲོས་བསྡུར་བྱས་པ་དང་། ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་གིས་བཤད་པའི་བསམ་འཆར་དག་ཐེར་བཅོས་སྐྱོང་བྱེད་པའི་གྲོས་གཞིར་ཞིབ་འཇུག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།

གྲོས་ཚོགས་ནས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་ཚེས་བཅུ་དགུ་ནས་ཚེས་ཉེར་གཅིག་ཉིན་བར་ཟི་ལིང་ནས་འཚོགས་རྒྱུ་ཐག་བཅད། གྲོས་ཚོགས་ཀྱི་བརྗོད་གཞི་གཙོ་བོ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལ་སློབ་སྦྱོང་ཟབ་མོ་དང་དེ་ལག་བསྟར་བྱས་ཏེ། ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་བྱ་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་སྤེལ་བའི་བྱ་བར་སྔར་ལས་ཤུགས་སྣོན་རྒྱུ་དེ་རེད།

གྲོས་ཚོགས་ནས«མཚོ་སྔོན་ཞིང་ཆེན་ཏང་ཨུས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་ཆོད་དོན་ལག་བསྟར་བྱས་ཏེ་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་བྱ་བར་ཕྱོགས་ཡོངས་ནས་ཡར་སྐུལ་བྱེད་པའི་བསམ་འཆར་མ་ཡིག»ལ་ཏང་ཕྱི་ནང་གི་གཞི་ཁྱོན་ངེས་ཅན་ནས་བསམ་འཆར་བསྡུ་ལེན་བྱས་པའི་སྐོར་གྱི་གནས་ཚུལ་ཡར་ཞུར་ཉན་ཞིང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་བསྡུར་བྱས་པའི་བསམ་འཆར་ལྟར་བཟོ་བཅོས་བྱས་རྗེས། ཡིག་ཆའི་མ་ཡིག་དེ་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པར་གྲོས་ཞིབ་བྱེད་པར་སྤྲོད་རྒྱུ་ཐག་བཅད།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། མཚོ་སྔོན་གྱི་དོན་དངོས་དང་ཟུང་དུ་སྦྲེལ་དགོས་པ་དང་། ཁྲིམས་ལྟར་ཞིང་ཆེན་སྐྱོང་བ་དང་། ཁྲིམས་ལྟར་སྲིད་སྐྱོང་བ། ཁྲིམས་ལྟར་སྲིད་འཛིན་པ་བཅས་ལ་མཉམ་དུ་ཡར་སྐུལ་བྱེད་པ། ཁྲིམས་ལྟར་མཚོ་སྔོན་སྐྱོང་བ་དང་། ཁྲིམས་ལྟར་སྲིད་གཞུང་སྐྱོང་བ། ཁྲིམས་ལྟར་སྤྱི་ཚོགས་སྐྱོང་བ་བཅས་གཞི་གཅིག་ཏུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། མཚོ་སྔོན་སྐྱོང་བའི་འཐབ་ཇུས་ལས་འགན་མངོན་འགྱུར་བྱེད་པ། ཏང་གི་མི་རིགས་ས་ཁུལ་གྱི་་སྲིད་སྐྱོང་ནུས་པ་དང་སྲིད་སྐྱོང་ཆུ་ཚད་ཇེ་མཐོར་གཏོང་བར་ནུས་ཡོད་ཀྱི་ཁྲིམས་ལུགས་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།

གྲོས་ཚོགས་ནས་ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་གསུམ་པས་མཚོ་སྔོན་གྱི་བྱ་བར་སྐོར་ཞིབ་བྱས་རྗེས་བཏོན་པའི་བསམ་འཆར་དག་ཐེར་བཅོས་སྐྱོང་བྱེད་པའི་གྲོས་གཞིར་ཞིབ་འཇུག་བྱས།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་ས་གནས་དང་ལས་ཁུངས་སོ་སོའི་ཏང་ཨུས་ཏང་གིས་ཏང་ལ་དོ་དམ་བྱེད་པ་དང་། ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས། ཏང་ཨུའི་འགན་ཁུར་གཙོ་བོ་ལག་བསྟར་བྱེད་དགོས་པ་དང་། དག་ཐེར་བཅོས་སྐྱོང་བྱ་བ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱེད་དགོས་པ་མ་ཟད། མགོ་ཁྲིད་པས་དངོས་སུ་བཀོད་སྒྲིག་དང་། དངོས་སུ་མཐུན་སྦྱོར། དངོས་སུ་ལྟ་ཞིབ་བཅས་བྱས་ནས། གཟབ་ནན་གྱི་བྱེད་ཐབས་སྤྱོད་པ་དང་། རེ་བ་ནན་མོ་འདོན་པ། སྒྲིག་ལམ་ནན་མོ་བཙུགས་ཏེ། དག་ཐེར་བཅོས་སྐྱོང་བྱ་བ་དེ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་པ་དང་། གནད་དོན་ཐག་གཅོད་བཟང་བོ་དང་གྱོད་གཞིར་རྩད་གཅོད་ནན་མོ་བྱས་ནས། ལས་དོན་འཕེལ་རྒྱས་སུ་གཏོང་དགོས་ཟེར། 

 གྲོས་ཚོགས་ནས་ད་རུང་དོན་དག་གཞན་པར་ཞིབ་འཇུག་བྱས།   །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག