མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཝུའུ་ལན་རྫོང་ཁྲིམས་འཛིན་ཅུའུ་ཡིས་བྱེད་ཐབས་བཞི་ལག་བསྟར་བྱས་ཏེ།འཆམ་མཐུན་ཡར་སྐུལ་གྱིས་མང་ཚོགས་ལ་ཞབས་འདེགས་བཟང་པོ་སྒྲུབ།

སྟོབས་ལྡན་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-11 10:23

ཀྲུང་ག་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཏང་གི་སྐབས་བཅོ་བརྒྱད་པའི་ཐེངས་བཞི་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་ལག་ལེན་མཐར་ཕྱིན་བྱས་ནས། སྤྱི་ཚོགས་གཏན་འཇགས་ཀྱི་བྱ་བར་ནན་ཏན་སྒོས་ཕྱོགས་ཡོངས་ནས་མཐའ་འཁྱོངས་བྱེད་ཆེད། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་ཝུའུ་ལན་རྫོང་ཁྲིམས་འཛིན་ཅུའུ་ཡིས་མགྱོགས་མྱུར་སྒོས་འགན་ཁུར་ནས། བྱ་བའི་ཁོངས་གཏོགས་ལྟར་རིམ་བཞིན་འཐུས་སྒོ་ཚང་བའི་ངང་བཅའ་ཁྲིམས་བརྒྱུད་སྒྲོག་བྱེད་པ་དང་། རྩ་ཁྲིམས་ཀྱིས་ཞབས་འདེགས་སྒྲུབ་པ། རྩ་ཁྲིམས་ཀྱིས་འགན་ནུས་གསུམ་ལ་ནུས་པ་འདོན་པ། ཧུར་ཐག་གིས་ཤུགས་སྣོན་བཞིའི་བྱེད་ཐབས་བཅས་ལ་ལག་བསྟར་བྱས་ནས་སྤྱི་ཚོགས་སྲུང་སྐྱོབ་ཀྱི་བྱ་བར་གཏན་འཇགས་བྱུང་།

རྩ་འཛུགས་ཁྲིམས་འཛིན་ཁང་སོ་སོས། ཆེད་ལས་ཀྱི་ལམ་ནས་རྩ་ཁྲིམས་བརྒྱུད་སྒྲོག་དང་མཐུན་སྡེབ་ཀྱི་བྱེད་ཐབས་སྤྱད་ནས་གཞི་རིམ་གྱི་འགལ་བ་སྣ་ཚོགས་རྩ་བ་ནས་མེད་པར་བཟོས་ཏེ། ས་གནས་མང་ཚོགས་ཀྱི་ཁྲིམས་ཀྱི་ངོས་འཛིན་གྱི་འདུ་ཤེས་ཇེ་མཐོར་བཏང་།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག