མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རང་ཞིང་གི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་ལ་ཕན་འབྲས་ཐོན་ཏེ།མི་དམངས་མང་ཚོགས་ལ་ཁེ་ཕན་ཐོབ་པ།

  ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།  2014-11-10 15:52

    ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ནས། མཚོ་སྔོན་ཞིང་ཆེན་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ2013ལོའི་ཟླ7པ་ནས་མགོ་བརྩམས་ཏེ། 2014ལོའི་ཟླ9པའི་ཟླ་མཇུག་ཏུ་མཇུག་བསྡུས། ཞིང་ཆེན་ཡོངས་ཀྱི་ཏང་རྩ་འཛུགས15408དང་ཏང་ཡོན317608སྐོར་གཉིས་སུ་བགོས་ནས་སློབ་གསོའི་ལག་ལེན་བྱ་འགུལ་ནང་ཞུགས།

    ལོ་གཅིག་ལྷག་གི་སློབ་གསོའི་ལག་ལེན་བྱ་འགུལ་གྱི་ཁྲོད། རང་ཞིང་གིས་མགོ་ཁྲིད་ཀྱིས་སྣེ་ཁྲིད་པ་རྒྱུན་འཁྱོངས་བྱས་ནས། རིམ་པ་རེ་རེ་དམ་འཛིན་དང་དོན་འཁྱོལ་བྱས་ཤིང་། བྱ་འགུལ་གོ་རིམ་དང་ལྡན་པར་སྤེལ། ནན་ཏན་དང་དངོས་ཡོད་གཙོར་འཛིན་པའི་བླང་བྱ་དང་འགྱུར་མེད་ཀྱི་སྙིང་སྟོབས་དེ་བྱ་འགུལ་གྱི་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོལ་བྱས། “སྤྱོད་ཚུལ་བཞིའི”གཙོ་གནད་དམ་འཛིན་བྱས་ནས་ཐོག་མཐའ་བར་གསུམ་དུ་གནད་དོན་ཐག་གཅོད་པ་གཙོ་བོར་བཟུང་སྟེ། ལེ་ལོ་དང་རྣམ་གཡེང་གི་དབང་དུ་མི་འགྲོ་བར་ཁག་ཐེག་བྱས། ཐོག་མཐའ་བར་གསུམ་དུ་སྒོ་གླེགས་ཆེ་རུ་ཕྱེས་ནས་བྱ་འགུལ་སྤེལ་བ་རྒྱུན་འཁྱོངས་དང་། མང་ཚོགས་ལ་དམ་པོར་བརྟེན་ནས་མང་ཚོགས་བྱ་འགུལ་ནང་ཞུགས་པའི་བརྩོན་སེམས་དང་འདུན་པ་དྲག་ཏུ་བསླངས།

    ——སྲིད་འཛིན་གྱི་ཞིབ་བཤེར་ཆོག་མཆན་བཀོད་པའི་དོན་ཚན756མེད་པར་བཟོས་ཏེ། “ཟ་ལེན་འགོག་སློང”དང“སྒྱིད་ལུག་རུལ་སུངས”ཀྱི་གནད་དོན111དང་མི166རྩད་ཞིབ་བྱས་ནས་ཐག་བཅད།

    ——སྤྱི་གཞུང་རླངས་འཁོར276དང་གཞུང་སྒྲུབ་ཁང་པ་མུས་གྲུ་བཞི་མ39605.6ཕྱིར་སློག་བྱས།

    ——རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པ་ཡོངས་ཀྱིས

    “ཚོགས་མིའི་བྱང་བུ་གཅིག་ཀྱང་བཟུང་མེད་པའི”སྙན་ཞུ་སྤྲད་པར་མ་ཟད། མི་སྒེར་ཚོགས་རའི་ནང་དུ་མི་འགྲོ་བ་དང་མི་སྒེར་ཚོགས་རའི་ཚོགས་མིའི་བྱང་བུ་མི་འཛིན་པའི་ཁས་ལེན་དམ་བཅའ་བཞག

    ——མང་ཚོགས་ལ་འབྲེལ་གཏུག་དང་ཞབས་ཞུ་སྒྲུབ་པའི“མཐའ་མཇུག་གི་སྤྱི་ལེ་གཅིག”བཏོད་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་ལེ་ལོ་རྣམ་གཡེང་གི་བྱ་སྤྱོད་དག་ཐེར་བྱེད་པའི་ཆེད་དམིགས་བྱ་འགུལ་སྤེལ་ནས། སྡེ་བ་རིམ་པའི་ཏང་རྩ་འཛུགས406དང་སྡེ་ཁུལ་གྱི་ཏང་རྩ་འཛུགས26ལ་དག་ཐེར་བཅོས་བསྒྱུར་བྱས། ཞིང་ཆེན་ཡོངས་ཀྱི་རྫོང་དང་ཤང་། སྡེ་བ་བཅས་ལ་འཐུས་སྒོ་ཚང་བའི་ཕྱོགས་བསྡུས་གཞུང་སྒྲུབ་ཞབས་ཞུ་ལྟེ་གནས2491ལས་ནས་མང་ཚོགས་ལ་ལས་དོན་སྒྲུབ་པར་སྔར་ལས་སྟབས་བདེ་བཟོས།

    ——ལམ་ལུགས་ཀྱི་གཟེབ་དྲ་དམ་འཛིན་བྱས་པ། སྐོར་དང་པོའི་བྱ་འགུལ་སྤེལ་བའི་སྡེ་ཚན་གྱིས་གྲོན་ཆུང་གཙིགས་འཛིན་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་པ། ས་གནས་དང་ཁེ་ལས། གཞི་རིམ་དང་མང་ཚོགས་ལ་ཞུབས་ཞུ་སྒྲུབ་པ། གལ་ཆེ་བའི་དམངས་འཚོའི་བཟོ་འགོད་ཀྱི་ཐབས་ཇུས་ལ་གསན་སྒྲུབ་བྱེད་པ། མགོ་ཁྲིད་ལས་བྱེད་པའི་བྱ་བ་དང་འཚོ་བའི་ཟླ་ཕོགས་སོགས་ཀྱི་ཕྱོགས་ནས་ལམ་ལུགས849མེད་པར་བཟོས་ཤིང་། ལམ་ལུགས1704བཟོ་བཅོས་འཐུས་ཚང་དུ་བཏང་། ལམ་ལུགས1594གསར་དུ་བཟོས། སྐོར་གཉིས་པའི་བྱ་འགུལ་སྤེལ་བའི་སྡེ་ཚན་གྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་བཏོན་པའི་འབྲེལ་ཡོད་ལམ་ལུགས་དང་བྱེད་ཐབས་ལེགས་པར་འབྲེལ་མཐུད་དང་དོན་འཁྱོལ་གཏོང་བ་གཙོ་གནད་དུ་བཟུང་ནས། ལམ་ལུགས2010མེད་པར་བཟོས་པ་དང་།ལམ་ལུགས6689བཟོ་བཅོས་འཐུས་ཚང་དུ་བཏང་། ལམ་ལུགས4348གསར་དུ་བཟོས།

    ——ཞིང་ཆེན་དང་ཁུལ། རྫོང་བཅས་རིམ་པ་གསུམ་པོས་ལས་བྱེད་པ5189བོད་ཁུལ་གྱི་ཤང་གྲོང217དང་དབུལ་སྐྱོར་གཙོ་གནད་སྡེ་བ634ལ་མངགས་ཤིང་། ཞིང་ཆེན་ནོར་སྲིད་ཀྱིས་གཙོ་གནད་སྡེ་བ་རེ་ལ་སྒོར་ཁྲི50ཡི་དབུལ་སྐྱོར་མ་དངུལ་བཏང་། ཞིང་ཆེན་ཡོངས་ནས་གཞི་རིམ་གྱི་ཏང་རྩ་འཛུགས་ཀྱི་བྱ་འགུལ་སྤེལ་གནས462གསར་འཛུགས་དང་རྒྱ་བསྐྱེད།

    ——ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་ལ་བཟོད་བསྲན་ཅི་ཡང་མེད་པར། གནད་དོན་གཅིག་བུད་ན་རྩད་ཞིབ་ཐག་གཅོད་གཅིག་བྱས་ནས་གུ་ཡངས་སུ་གཏན་ནས་མ་བཏང་། ཞིང་ཆེན་ཡོངས་ནས་བསྡོམས་པས་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་དང་འབྲེལ་ཡོད་ཆོད་དོན་དང་འགལ་བའི་གནད་དོན266རྩད་ཞིབ་ཐག་གཅོད་བྱས་ཤིང་། མི338ལ་ཐག་བཅད། དེའི་ནང་དུ་ཏང་སྲིད་སྒྲིག་ལམ་ཐད་ནས་ཆད་པ་བཅད་པའི་མི284ཡོད་པས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་རྣམས་ལ་ཉེན་བརྡ་ཟབ་མོ་ཐེབས། །

    ਍ལིའུ་ཡོན་ནས་ན་གོར་མོ་བར་གྱི་མྱུར་བགྲོད་གཞུང་ལམ་དེ་ཀན་སུའུ་ལིའུ་ཡོན་ནས་མགོ་བརྩམས་ཏེ། ཏུན་ཧོང་དང་ཏ་ཚེ་ཏན། ཞི་ཐའེ་ཧྲན།ཚར་ཧན་ཚྭ་མཚོའུ་བཅས་བརྒྱུད་ནས་ན་གོར་མོ་གྲོང་ཁྱེར་ལ་ཐོན་པ་དང་། གཞུང་ལམ་གྱི་སྤྱིའི་རིང་ཚད་ལ་ཕལ་ཆེར་སྤྱི་ལེ655ཡོད། མགྱོགས་བགྲོད་གཞུང་ལམ་འདི་འཛུགས་སྐྲུན་བྱས་པ་ལས་ན་གོར་མོ་ཞིན་ཅང་དང་བོད་ལྗོངས།ཀན་སུའུ་བཅས་ཀྱི་འགྲིམ་འགྲུལ་གྱི་གནད་འགག་གལ་ཆེན་ཞིག་ཏུ་གྱུར་ཏེ། ཚྭ་འདམ་གཞོང་གི་འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་ཐོན་ངེས་རེད། འདི་ནི་མཚོ་སྔོན་མངའ་ཁོངས་ཀྱི་ལིའུ་གོར་མྱུར་བགྲོད་གཞུང་ལམ་རེད།

    ਍རང་ཞིང་གི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་ལ་ཕན་འབྲས་ཐོན་ཏེ། མི་དམངས་མང་ཚོགས་ལ་ཁེ་ཕན་ཐོབ་པ། ਍(པར་ངོས7པར་མཐུད་པ།)བརྟན་བརླིང་ཡོང་ཐབས་བྱེད་པ་གཉིས་ཟུང་དུ་སྦྲེལ་ཏེ།བརྟག་དཔྱད་ཞིབ་འཇུག་ཟབ་མོ་དང་ནུས་ཤུགས་ཡོད་རྒུས་ཁྱོན་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བར་ཤུགས་རྐྱེན་ཐེབས་པའི་འབུར་ཐོན་གྱི་འགལ་བ་དང་གནད་དོན་དབྱེ་ཞིབ་བྱས་ནས་ཐག་གཅོད་བྱ་དགོས་ཤིང་།ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་འཚོལ་ཞིབ་ཅི་ཐུབ་བྱེད་པ་དང་།ཁྲིམས་ལྟར་མཚོ་སྔོན་སྐྱོང་བའི་རིགས་ལམ་དང་བྱེད་ཐབས་བཏོན་ཏེ།ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་ཐད་རྒྱུན་ཆད་མེད་པར་གོམ་པ་གསར་བ་སྤོ་བ་དང་ལས་དོན་སྣ་ཚོགས་ཐད་གྲུབ་འབྲས་གསར་བ་ལེན་ཐབས་བྱ་དགོས།གསུམ་ནས་ཉམས་སྣང་བསྐྲུན་པའི་ཐད་ཧུར་བརྩོན་བྱ་དགོས།རིམ་པ་སོ་སོའི་དྲིལ་བསྒྲགས་སྡེ་ཁག་དང་གསར་འགྱུར་ལས་ཁུངས་ཀྱིས་རིགས་སོ་སོའི་སྨྱན་བྱེད་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ཏེ།ཚང་འཛོམས་གྲོས་ཚོགས་སྟེང་བཏོན་པའི་ལྟ་བ་གལ་ཆེན་དང་ལས་འགན་གཙོ་བོ།བྱེད་ཐབས་གལ་ཆེན་བཅས་ཤུགས་ཆེན་པོས་དྲིལ་བསྒྲགས་དང་འགྲེལ་བཤད་བྱེད་པ་དང་།ཞིང་ཆེན་ཡོངས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན།ཁྱོན་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་བརྒྱུད་སྒྲོག་གང་ལེགས་བྱ་དགོས།སྤྱི་ཚོགས་སྟེང་གི་གླེང་ཕྱོགས་དོ་སྣང་དང་རྩད་ཞིབ་ནན་ཏན་བྱས་ཏེ་དུས་ཐོག་ཏུ་གནས་ཚུལ་རྒྱུས་ལོན་བྱ་དགོས།དྲང་ཕྱོགས་ནས་ཁྲིད་སྟོན་དང་ཟབ་ས་ནས་ཁྲིད་སྟོན་བྱེད་པ་དང་ནོར་འཁྲུལ་ལྟ་བ་དང་བསམ་པའི་རླབས་རྒྱུན་སྣ་ཚོགས་སྐྱོན་བརྗོད་ནན་མོ་བྱས་ཏེ།བསམ་པའི་གླེང་ཕྱོགས་ཀྱི་གཡུལ་ས་བདག་བཟུང་བྱ་དགོས།བཞི་ནས་མགོ་ཁྲིད་ལ་ཤུགས་སྣོན་པའི་ཐད་ཧུར་བརྩོན་བྱ་དགོས།རིམ་པ་སོ་སོའི་ཏང་ཨུས(ཏང་ཙུའུ)སྔར་ལས་ཀྱང་འགན་ཁུར་འདུ་ཤེས་དང་བྲེལ་འཚུབ་ཆེ་བའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་ཁྲིམས་སྐྱོང་འཛུགས་སྐྲུན་དེ་སྔར་ལས་ཀྱང་གལ་ཆེ་ཞིང་སྔར་ལས་ཀྱང་འབུར་དུ་ཐོན་པའི་ཁྱོན་ཡོངས་རང་བཞིན་གྱི་གོ་གནས་སུ་བཞག་སྟེ།ཚན་ཁག་དང་མགོ་ཁྲིད་ལས་བྱེད་པས་ཁྲིམས་སྐྱོང་བྱ་བ་འཛིན་པའི་འདུ་ཤེས་དང་ནུས་པ་དངོས་གནས་ཇེ་མཐོར་གཏོང་དགོས།

    ལའོ་ཧུའེ་ཉིན་གྱིས་ནན་གྱིས་བསྟན་དོན།ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་བྱ་རྒྱུ་ནི།རྒྱལ་ཁབ་་་་་བདག་སྐྱོང་ཁྱབ་ཁོངས་ཀྱི་རྒྱ་ཆེ་ཞིང་གཏིང་ཟབ་པའི་གསར་བརྗེ་ཞིག་ཡིན་ཕྱིར།ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བསམ་བློ་དང་བྱ་སྤྱོད་རང་རྟོགས་ཀྱིས་ཀྲུང་དབྱང་གི་ཇུས་ཆོད་དང་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ཏེ།ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རླབས་ཆེན་ལག་ལེན་ཁྲོད་ཞུགས་པ་དང་།ཁྲིམས་ལྟར་སྐྱོང་བ་དེ་མཚོ་སྔོན་སྐྱོང་བ་དང་སྲིད་དོན་གཉེར་བའི་རྩ་བའི་བྱེད་སྟངས་སུ་བརྩི་བ་རྒྱུན་འཁྱོངས་བྱས་ཏེ། རྒྱུན་ཆད་མེད་པར“ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་དང་ཁྱོན་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ།ཤུགས་ཆེན་པོས་ཁུལ་གསུམ་བསྐྲུན་པ།ཁྱོན་ཡོངས་ནས་འབྱོར་འབྲིང་འཛུགས་སྐྲུན་བྱེད་པའི”འཐབ་ལམ་གསར་བ་གཏོད་དགོས། །

    

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག