མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཱ་ཧྲུན་ཆིན་གྱིས་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱི་འཛུགས་སྐྲུན་བྱ་བར་རྟོག་ཞིབ་བྱས།

རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-10 10:52

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་བདུན་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་མཱ་ཧྲུན་ཆིན་སོགས་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་དུ་སོང་ནས་ཤར་རྒྱུད་གྲོང་ཁྱེར་ཚོགས་དང་རྨང་གཞིའི་སྒྲིག་ཆས་ལས་གཞི་ཆེན་མོའི་འཛུགས་སྐྲུན་བྱ་བར་རྟོག་ཞིབ་བྱས།

རྟོག་ཞིབ་ཚན་ཆུང་གིས་སྔ་གཞུག་ཏུ་མཚོ་སྔོན་ཞིང་ཆེན་མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་དང་མཚོ་ཤར་གྲོང་ཁྱེར་ལི་ཏུའུ་སྡོད་ཁུལ་ཁྲའོ་ཡང་རི་བོའི་ཡན་ལག་སྡོད་ཁུལ་མཚོ་ཤར་ལམ་ཆེན་དང་པིས་ཧྲོས་ཡོན་བཀོད་སྒྲིག་སྡོད་ཁུལ། ལི་ཏུའུ་སྡོད་ཁུལ་གྱི་ས་འོག་ཕྱོགས་བསྡུས་སྦུགས་ལམ། ཟི་ལིང་ལྷོ་སྐོར་གཞུང་ལམ། ཤར་རྒྱུད་གྲོང་ཁྱེར་ཚོགས་ཀྱི་ཆུ་འདོན་བཟོ་སྐྲུན་སོགས་ཀྱི་འཛུགས་སྐྲུན་ལས་གཞི་ལ་ཡུལ་དངོས་ནས་རྟོག་ཞིབ་བྱས། བཟོ་སྐྲུན་འཛུགས་སྐྲུན་ལས་གཞི་ཡུལ་དངོས་རེ་རེར་ཐོན་དུས། མཱ་ཧྲུན་ཆིན་གྱིས་ལས་གཞི་འཛུགས་སྐྲུན་གྱི་འཕེལ་རིམ་དང་དོ་དམ་སོགས་ཀྱི་གནས་ཚུལ་ཞིབ་མོར་དྲིས་པ་དང་། ལས་གཞི་འཛུགས་སྐྲུན་ཁྲོད་གནས་པའི་དཀའ་ཁག་ལ་རྒྱུས་ལོན་བྱས་པ། མཐུན་སྦྱོར་ངང་འབྲེལ་ཡོད་ཀྱི་གནད་དོན་ཐག་གཅོད་པ་བཅས་བྱས།

མཱ་ཧྲུན་ཆིན་གྱིས་བསྟན་དོན། ཤར་རྒྱུད་གྲོང་ཁྱེར་ཚོགས་འཛུགས་སྐྲུན་ཐད་ནས་འཆར་འགོད་ཀྱི་སྣེ་ཁྲིད་འབུར་དུ་ཐོན་པར་བྱེད་པ་དང་ཇུས་འགོད་ལ་ཤུགས་བསྣན་ནས། མཁར་གྲོང་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱེད་པའི་རེ་བ་ལྟར་དུ། སྟོབས་ཤུགས་ཡོད་རྒུས་ཚན་རིག་དང་མཐུན་པ་དང་ལུགས་དང་མཐུན་པའི་བར་གསེང་གྲུབ་ཚུལ་དང་རྣམ་པ་གསར་བའི་གྲོང་ཁྱེར་འཕེལ་རྒྱས་ཀྱི་སྒྲོམ་གཞི་འཛུགས་སྐྲུན་བྱས་ནས། སྐྱེ་ཁམས་ཁོར་ཡུག་ལེགས་པོ་གསར་སྐྲུན་བྱེད་རྒྱུ་དེ་གོ་གནས་གཙོ་བོར་འཇོག་པ་དང་། ལོ་རྒྱུས་ཀྱི་རིག་གནས་རྒྱུ་ཆ་དང་གྲོང་ཁྱེར་འཛུགས་སྐྲུན་གཉིས་ཟུང་འབྲེལ་བྱས་ཏེ། ས་གནས་ཀྱི་ཁྱད་ཆོས་མངོན་པར་བྱེད་པ་དང་། གྲོང་ཁྱེར་གྱི་སྤུས་ཚད་མཐོར་འདེགས་བྱས་ནས། འཆར་འགོད་དང་ཇུས་འགོད་བཟང་བོ་དང་འཛུགས་སྐྲུན་བཟང་བོ་བྱེད་པ་དང་། རྒྱུ་སྤུས་མཐོན་པོ་དང་ཆུ་ཚད་མཐོན་པོ། ཚད་གཞི་མཐོན་པོའི་འཛུགས་སྐྲུན་རྒྱུན་འཁྱོངས་བྱེད་དགོས་ཟེར།

མཱ་ཧྲུན་ཆིན་གྱིས། སྲིད་སྐྱོང་བྱས་རྗེས་ལྟ་བ་ཡང་དག་འཛུགས་པ་དང་། མི་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱས་ནས། ད་ལྟ་དང་ཡུན་རིང་གཉི་ཀར་ཕན་ཁེ་ཡོད་པའི་དམངས་བདེ་དང་དམངས་ཕན་གྱི་བཟོ་སྐྲུན་སྐོར་ཞིག་འཛུགས་སྐྲུན་བྱེད་དགོས། མིག་སྔར། འབྲེལ་ཡོད་ས་ཁུལ་སོ་སོ་དང་སྡེ་ཁག་གིས་བཟོ་སྐྲུན་འཛུགས་སྐྲུན་གྱི་དུས་སྐབས་དམ་འཛིན་བྱེད་པ་དང་། མགྱོགས་མྱུར་སྒོས་ལས་གཞི་འཛུགས་སྐྲུན་སྤེལ་བ། རང་ནུས་ཅི་ལྕོགས་ཀྱིས་བྱ་བ་མང་པོ་ཡོངས་འགྲུབ་བྱེད་པ། ལས་གཞི་དང་མ་དངུལ་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བཏོན་པའི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་བཅས་བྱས་ནས། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་སྣ་ཚོགས་བདེ་བླག་ངང་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་བསྟན།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག