མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་གསར་འགྱུར་སྨྱན་བྱད་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཁུལ་དུ་བཅར་འདྲིར་བསྐྱོད་པའི་བྱ་འགུལ་སྤེལ་མགོ་བརྩམས།

རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-10 10:52

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས10ཉིན་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་མགོ་ཁྲིད་པ་དང་། ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན་དང་། ཞིང་ཆེན་གཙང་གསུམ་འབྱུང་ཡུལ་གཞུང་སྒྲུབ་ཁང་གཉིས་ཀྱིས་མཉམ་དུ་རྩ་འཛུགས་བྱས་པའི་གསར་འགྱུར་སྨྱན་བྱད་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁུལ་དུ་བསྐྱོད་པའི་བྱ་འགུལ་དངོས་སུ་མགོ་བརྩམས་པ་དང་། མཚོ་སྔོན་གསར་འགྱུར་དྲ་བ་དང་མཚོ་སྔོན་ཉིན་རེའི་ཚགས་པར། མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཁང་སོགས་མཚོ་སྔོན་ཞིང་ཆེན་གྱི་གསར་འགྱུར་སྨྱན་བྱད་ཀྱིས་ཚན་ཆུང་བགོས་ནས་རང་ཞིང་གི་ས་ཆ་སོ་སོར་བཅར་འདྲིར་སོང་ནས། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་བརྟེན་ནས་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་ཐད་ཀྱི་བྱེད་ཐབས་གཙོ་བོ་དང་། དེའི་ཐད་ནས་བླངས་བའི་གྲུབ་འབྲས། འབུར་དུ་ཐོན་པའི་ཁྱད་ཆོས་བཅས་ལ་གཅིག་བསྡུས་ཀྱིས་སྒྲོག་སྤེལ་བྱས་ནས། ཧུར་ཐག་གིས་ཁུལ་གསུམ་འཛུགས་སྐྲུན་བྱེད་པར་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་བོ་བསྐྲུན་རྒྱུ་རེད།

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁུལ་དུ་བསྐྱོད་པའི་བཅར་འདྲིར་བསྐྱོད་པའི་བྱ་འགུལ་ཁྲོད་གསར་འགོད་པ་ཚོ་གྲོང་ཁྱེར་གཉིས་དང་ཁུལ་དྲུག་རུ་སོང་ནས། གཙོ་བོར་ཏ་ཐུང་རྫོང་དང་ཕིན་ཨན་རྫོང་། ཞོན་ཧྭ་རྫོང་། ཧེ་ཡན་རྫོང་། ནུབ་མཚོ་གྲོང་རྡལ། མཚོ་སྔོན་པོ་རང་བྱུང་སྲུང་སྐྱོབ་ཁུལ། ཆི་ལེན་རྫོང་། ན་གོར་མོ་གྲོང་ཁྱེར། ཞིན་ཧེ་རྫོང་། རྨ་སྟོད་རྫོང་། ཡུས་ཧྲུའུ་གྲོང་ཁྱེར། ནང་ཆེན་རྫོང་། རྨ་ཆེན་རྫོང་། པད་མ་རྫོང་། གཅིག་སྒྲིལ་རྫོང་། ཧི་ནན་རྫོང་། རྩེ་ཁོག་རྫོང་། ཐུན་རིན་རྫོང་སོགས་ས་ཁུལ་གྱི་སྐྱེ་ཁམས་བཞུར་རྒྱུད་ཀྱི་བཅོས་བསྒྱུར་དང་སྐྱེ་ཁམས་དཔེ་སྟོན་ཁུལ་གསར་འཛུགས། བཙོག་ཆུ་ཕྱིར་འདོན་གྱི་དབང་ཆའི་ཉོ་ཚོང་། བཙོག་ཆུ་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ། ཞིང་སྡེའི་ཁོར་ཡུག་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ། རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་འགྲིམ་འགྲུལ་ལམ་རྒྱུད་མཐའ་སྐོར་གྱི་ཁོར་ཡུག་ལ་དག་ཐེར་བཅོས་སྐྱོང་བྱེད་པ། མཁའ་དབུགས་བཙོག་བཟོར་དག་ཐེར་བཅོས་སྐྱོང་བྱེད་པ། རྒྱལ་སྤྱིའི་བརླན་ས་གཙོ་བོའི་སྐྱེ་ཁམས་ཕན་འབྲས་ཁ་གསེབ། རང་བྱུང་སྲུང་སྐྱོབ་ཁུལ་འཛུགས་སྐྲུན། སྐྱེ་དངོས་སྲུང་སྐྱོབ། ཆུ་གྲོན་ཆུང་རང་བཞིན་གྱི་སྤྱི་ཚོགས་འཛུགས་སྐྲུན། ལྷད་མེད་གཏེར་རི་ཚོད་ལྟའི་ལས་ཁུངས་ཀྱི་འཕེལ་རྒྱས་རྣམ་པ་བསྒྱུར་བ། ཡུས་ཧྲུའུ་ས་འགུལ་རྗེས་ཀྱི་བསྐྱར་འཛུགས་ལྗང་བསྒྱུར་ལས་གཞི། མཛེས་སྡུག་ཞང་སྡེ་འཛུགས་སྐྲུན་གྱི་གནས་ཚུལ། ཆུ་སྐྱེས་སྐྱེ་དངོས་ཀྱི་སྲུང་སྐྱོང་ལས་གཞི་སོགས་བཟོ་སྐྲུན་གཙོ་བོའི་འཛུགས་སྐྲུན་གནས་ཚུལ་དང་མངོན་གསལ་གྱི་གྲུབ་འབྲས་ལ་བཅར་འདྲི་དང་སྒྲོག་སྤེལ་བྱེད་རྒྱུ་རེད།

སྐྱེ་ཁམས་སྲུང་སྐྱོབ་ཁུལ་དུ་བཅར་འདྲིར་བསྐྱོད་པའི་བྱ་འགུལ་གྱིས་རྒྱལ་ཡོངས་སྐྱེ་ཁམས་དཔལ་ཡོན་སྔོན་བསྐྱོད་ཁུལ་འཛུགས་སྐྲུན་བྱེད་རྒྱུ་བརྗོད་བྱར་བྱས་པ་དང་། བྱ་འགུལ་དེ་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན་བར་སྤེལ་རྒྱུ་རེད།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག