མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུས་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-10 10:52

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་བདུན་ཉིན། མཚོ་སྔོན་ཞིང་ཏང་ཨུས་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་ཤིང་། ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཁག་གིས་ད་ལོའི་སྐོར་ཞིབ་བྱེད་རིམ་གཉིས་པ་ལག་བསྟར་དངོས་འབེབས་བྱས་པའི་སྙན་ཞུར་ཉན་པར་མ་ཟད། ད་ལོའི་སྐོར་ཞིབ་བྱེད་ཐེངས་དང་པོའི་ཁྲོད་གནས་པའི་གནད་དོན་དང་། བསམ་འཆར་བསྡུ་ལེན་བྱས་པའི་གནས་སྟངས། སྐོར་ཞིབ་བྱེད་ཐེངས་གསུམ་པ་སྤེལ་བ་བཅས་ཀྱི་བྱ་བའི་གནས་ཚུལ་སྙན་ཞུ་ཕུལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་རྡོ་རྗེ་རབ་བརྟན་ཀྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་ནས་གཏམ་བཤད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ལིན་ཅོན་ཚོགས་འདུར་ཞུགས་ནས་གཏམ་བཤད། ཚོགས་འདུ་ལས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཁག་གིས་ཐེངས་གཉིས་པའི་སྐོར་ཞིབ་བྱ་བ་བསྒྲུབས་པའི་ཁྲོད་དུ། དུས་རྟག་པར་ལྟེ་བ་གཅིག་ལ་དམིགས་གཏོད་པ་དང་ཤུགས་འདོན་ས་བཞི་རྒྱུན་འཁྱོངས་ལྷོད་མེད་བྱེད་པ། གནད་དོན་གསར་བ་འཚོལ་དཔྱོད་བྱེད་པ་བཅས་ལ་འབད་མཐར། གཞི་ནས་གནད་དོན་གྱི་སྐུད་སྣེ་གསར་བ་རྙེད་པ་དང་། མང་ཚོགས་ཀྱིས་བསམ་འཆར་བཏོན་པ་དོན་དངོས་དང་འཚམ་པོ་ཡོད་པར་གྱུར་ནས། སྐོར་ཞིབ་ལྟ་སྐུལ་གྱི་ཟིལ་ཤུགས་དུས་ལྟར་མངོན་འདོད་བྱུང་སྟེ། སྐོར་ཞིབ་བྱ་བར་དགའ་འོས་པའི་གྲུབ་འབྲས་བླངས་ཡོད་ཟེར། ཚོགས་འདུ་ལས་ནན་གྱིས་བསྟན་དོན། སྐོར་ཞིབ་བྱེད་ཐེངས་གསུམ་པ་སྤེལ་སྐབས་ངེས་པར་དུ་གནད་དོན་གྱི་ཁ་ཕྱོགས་གཙོ་བོ་བློ་བརྟན་འགྱུར་མེད་སྒོས་རྒྱུན་འཁྱོངས་དང་། གཏེར་ཁའི་ཐོན་ཁུངས་དང་ས་བབ་ཀྱི་དགེ་མཚན། བཟོ་སྐྲུན་གྱི་ལས་གཞི། ནོར་སྲིད་མ་དངུལ་ཀྱི་མང་ཉུང་། གཏན་འཁེལ་བརྒྱད་ལག་ལེན་དུ་བསྟར་བའི་དགོངས་དོན། ཀུན་སྤྱོད་འཛུགས་སྐྲུན། ལས་དོན་ལས་ཁུངས་ཀྱིས་སྒྲིག་གཞི་ལས་འགལ་བའི་སྒོ་ནས་ལས་བྱེད་པ་འདེམ་སྒྲུབ་བྱེད་པ་སོགས་དམིགས་སུ་བཟུང་ནས་སྐོར་ཞིབ་བྱ་འགུལ་སྤེལ་དགོས། མགོ་ཁྲིད་པ་གཙོ་བོ་དང་འབྲེལ་ཡོད་འགན་ཁུར་མི་སྣ། གཙོ་སྒྲུབ་མི་སྣ། ནོར་ཤུགས། དངོས་ཤུགས། བཟོ་སྐྲུན་ལས་གཞི། ཞིབ་བཤེར་ལས་རིམ། འཛུགས་སྐྲུན་སོགས་བྱ་བའི་མགོ་ཁྲིད་ལས་བྱེད་པ་དང་ཞིབ་ཕྲའི་བྱ་བ་སྒྲུབ་མཁན་བཅས་སྐོར་ཞིབ་བྱ་འགུལ་གྱི་ཁ་གཏོད་ཡུལ་དུ་འཛིན་དགོས། དག་ཐེར་ལེགས་བཅོས་ཀྱི་བྱ་བས་ཏང་ཨུའི་ལས་འགན་གཙོ་བོ་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་འགན་དབང་ལག་བསྟར་དོན་འཁྱོལ་ཡོང་བ་བྱ་དགོས། དག་ཐེར་ལེགས་བཅོས་བྱ་བ་དོན་སྨིན་མ་བྱུང་ན། ངེས་པར་གཟབ་ནན་ཆེན་པོས་བསྐྱར་དུ་འདྲི་རྩད་གང་ལེགས་བྱ་དགོས་པ་བསྟན། ཚོགས་འདུ་ལས་ནན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཁག་གིས་ངེས་པར་ནན་ཏན་སྒོས་འགན་འཁྲི་ལག་བསྟར་དང་། འགན་འཁྲིའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ། འགན་དབང་འཐུས་ཤོར་མེད་པའི་ངང་སྤྱོད་པ་བཅས་བྱས་ཏེ། སྐོར་ཞིབ་ཚན་ཁག་གི་བྱ་བ་ལག་བསྟར་དངོས་འབེབས་དོན་འཁྱོལ་ཡོང་བར་སྒོ་ཀུན་ནས་འབད་འབུངས་ཧུར་བསྐྱེད་བྱ་དགོས་པ་བསྟན།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག