མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཝང་ལིན་ཅོན་ཧོང་ཀྲུང་རྫོང་གི“སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གཉིས”ཀྱི་མགོ་ཁྲིད་སྐབས་བརྗེ་འདེམ་བསྐོ་བྱ་བར་རྟོག་ཞིབ་བྱས།

བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-10 10:52

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ལིན་ཅོན་གྱིས་ཧོང་ཀྲུང་རྫོང་གི“སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གཉིས”ཀྱི་མགོ་ཁྲིད་སྐབས་བརྗེ་འདེམ་བསྐོ་བྱ་བར་རྟོག་ཞིབ་བྱས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་སོར་རྒྱག་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་འདེམ་པའི་འཆད་ཁྲིད་དང་འདེམ་བསྐོ་བྱ་བར་ཡུལ་དངོས་ནས་ལྟ་སྦྱོང་བྱས་རྗེས། གསར་དུ་བདམས་པའི“སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གཉིས”ཀྱི་མགོ་ཁྲིད་པས་བཀོད་པའི་ཁས་ལེན་གཟབ་ནན་གྱིས་སྤེལ་ཏེ་མང་ཚོགས་ལ་དོན་བཟང་སྒྲུབ་པའི་བྱ་སྤྱོད་དུ་འགྱུར་དགོས་ཞེས་པའི་འབོད་སྐུལ་བཏང་།

སོར་རྒྱག་སྡེ་བའི་རིག་གནས་བྱ་འགུལ་ཐང་ཆེན་དུ་ཝང་ལིན་ཅོན་སྡེ་བའི་མང་ཚོགསཁྲོད་དུ་སོང་ནས། ཚང་མས་ཡང་དག་པའི་སྒོ་ནས་དམངས་གཙོ་དབང་ཆ་ལག་བསྟར་བྱས་ནས་སེམས་གཏིང་ནས་རང་གིས་དགའ་བའི་འདེམ་མིར་འདེམ་ཤོག་ཅིག་འཕེན་དགོས་པའི་འབོད་སྐུལ་བཏང་། གལ་ཏེ་ང་རང་སྡེ་བའི་ཏང་ཀྲི་པུའུ་རུ་བདམས་ཚེ། ངས་སྡེ་བར་ལོ་གསུམ་གྱི་རིང་ལ་འགྱུར་ལྡོག་ཆེན་པོ་འབྱུང་དུ་འཇུག་རྒྱུ་ཡིན་པའི་དམ་བཅའ་བཞག་རྗེས། སྡེ་དམངས་ཁྲོད་ནས་ཐལ་མོས་སྡེབ་སྒྲའི་ཁེངས། འདེམ་བསྐོའི་བྱེད་ཐབས་སྤྱད་དེ་མཇུག་འབྲས་ཁྱབ་སྒྲོག་བྱས་ནས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་བདེ་བླག་ངང་སྤེལ།

ཝང་ལིན་ཅོན་གྱིས་སོར་རྒྱག་སྡེ་བའི་འདེམ་བསྐོ་བྱ་བ་དེས་མཚོ་སྔོན་ཞིང་ཆེན་གྱི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་སྐབས་བརྗེ་བྱ་བའི་མགོ་བརྩམས་ཤིང་། དེ་ནི་གཞི་རིམ་དམངས་གཙོ་འཕེལ་རིམ་ཡར་སྐུལ་དང་། རྒྱ་ཆེའི་མང་ཚོགས་ལ་དོན་དག་སྒྲུབ་པ་དེ་རེད། སྣེ་ཁྲིད་པ་བཟང་བོ་ཞིག་བདམས་རྗེས། སྡེ་བ་ཡོངས་ལ་བདེ་སྐྱིད་སྐྲུན་ཐུབ་པ་ཡིན་ལ། སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བའི་ད་ཡོད་ཀྱི་དགོས་མཁོ་ཡང་རེད་ཟེར། ཁོས་གསར་དུ་བདམས་པའི“སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གཉིས”ཀྱི་མགོ་ཁྲིད་པས་ནན་ཏན་སྒོས་ཁས་ལེན་ལག་བསྟར་བྱས་ནས། ཁྱབ་བསྒྲགས་བྱས་པའི་སྲིད་སྐྱོང་རྩ་འཛིན་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་པ་དང་། མྱུར་དུ་བྱ་བའི་སྟེང་དུ་ཞུགས་ནས་ཁུར་ཕོད་པའི་སྙིང་སྟོབས་ཕྲག་ཏུ་ཁུར་ནས་རྒྱ་ཆེའི་མང་ཚོགས་རྣམས་ལ་བདེ་སྐྱིད་སྐྲུན་པའི་ལས་འགན་ཁུར་དགོས། སྔར་ལས་མཐུན་སྒྲིལ་དམ་པོས་བྱ་བ་སྒྲུབ་པ་དང་། སྡེ་བ་འཛུགས་སྐྲུན་བྱས་ནས་འགྱུར་ལྡོག་ཆེན་པོ་འབྱུང་དུ་བཅུག་ཏེ། མང་ཚོགས་ལ་བདེ་སྐྱིད་ཀྱི་འཚོ་བ་ཞིག་རོལ་དུ་འཇུག་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག