མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་གྲོང་ཁྱེར་གྱི་མ་མཐའི་འགན་སྲུང་ཁྱིམ་ཚང་ཁྲི10ལ་དྲོད་ལེན་རོགས་སྐྱོར་སྒོར་མོ་བྱིན་པ།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-11-10 10:19

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས8ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་པ་ལྟར་ན། ཤུགས་ཆེན་པོས་དཀའ་ངལ་མང་ཚོགས་ལ་རོགས་སྐྱོར་བྱེད་པའི་བྱ་བ་ལེགས་པོར་སྒྲུབ་ཆེད། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱིས་ཧུར་བརྩོན་གྱིས་ནོར་སྲིད་སྡེ་ཁག་དང་མཐུན་སྦྱོར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་ཁྲི10ལ་དྲོད་ལེན་རོགས་སྐྱོར་སྒོར་མོ་ཁྲི4147བྱིན།

རྒྱུས་ལོན་པ་ལྟར་ན། ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་དཀའ་ངལ་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་ལེགས་པོ་བྱེད་ཆེད། ཞིང་ཆེན་དམངས་སྲིད་ཐིན་གྱིས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་ལ་ལྟ་སྐུལ་མཛུབ་སྟོན་བྱས་ཏེ་ནན་ཏན་སྒོས་མིག་སྔའི་ཤང་གྲོང་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞིའི་ཁ་གསབ་ཆུ་ཚད་ལ་གཞིགས་ཏེ། དམངས་སྲིད་སྡེ་ཁག་གིས་རོགས་སྐྱོར་བྱ་ཡུལ་དང་ཚད་གཞི་ཞིབ་བཤེར་གཏན་འཁེལ་བྱེད་པ་དང་། ནོར་སྲིད་སྡེ་ཁག་གིས་མ་དངུལ་རྩིས་སྤྲོད་བྱེད་པ། དངུལ་རྩའི་སྡེ་ཁག་གིས་རོགས་སྐྱོར་སྒོར་མོ་མང་ཚོགས་ཀྱི་ལག་ཏུ་བྱིན་ནས། མ་མཐའི་འཚོ་བའི་འགན་སྲུང་མ་དངུལ་དུས་ལྟར་དང་འདང་ངེས་ཀྱིས་འགན་སྲུང་བྱེད་ཡུལ་ལ་སྤྲོད་རྒྱུ་རེད། དུས་ལྟར་མ་མཐའི་འཚོ་བའི་འགན་སྲུང་མ་དངུལ་སྟེར་བའི་རྨང་གཞིའི་སྟེང་། གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་གི་དགུན་དུས་དྲོད་ལེན་གནད་དོན་ཐག་གཅོད་པ་དང་དཀའ་ངལ་མང་ཚོགས་ཀྱིས་དྲོད་འཁོལ་ལྡན་པའི་ངང་དགུན་བསྐྱལ་བར་ཁག་ཐེག་བྱེད་ཆེད། ཞིང་ཆེན་དམངས་སྲིད་ཐིན་གྱིས་ཧུར་བརྩོན་གྱིས་ནོར་སྲིད་སྡེ་ཁག་དང་མཐུན་སྦྱོར་བྱས་ཏེ། “ཁྱིམ་ཚང་དང་བྱིས་པ། འཚོ་བའི་ཡོང་ཁུངས་མེད་པའི་བགྲེས་སོང་དང་དབང་བོ་སྐྱོན་ཅན། བྱིས་པ་བཅས”ཀྱི་ཁྱིམ་ཚང་རེར་སྒོར600རེ་དང་། “སྤྱིར་བཏང་གི་རོགས་སྐྱོར་བྱེད་ཡུལ་ཁྱིམ་ཚང”རེར་སྒོར350ཡི་ཚད་གཞི་ལྟར་ཁ་གསབ་མ་དངུལ་སྒོར་ཁྲི2699ཧྲག་བསྡུ་བྱས་ཤིང་། ཁུལ་དང་རྫོང་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི1448ཧྲག་བསྡུ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་ཁྲི10ལ་དྲོད་ལེན་ཁ་གསབ་མ་དངུལ་སྒོར་ཁྲི4147བྱིན་པ་དང་། མིག་སྔར་མ་དངུལ་འདི་དག་ཚང་མ་དངོས་འབེབས་བྱས་ཡོད།  ། 

 

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག