མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སང་ལོར་མཚོ་སྔོན་གྱིས་ཁྱིམ་སྲུང་བྱིས་པའི་འཁོར་སྐྱོད་གཞིས་ཁྱིམ30གསར་འཛུགས་བྱེད་རྒྱུ་རེད།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-11-10 10:09

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན་བསྡུས་པའི་མཚོ་སྔོན་ཞིང་ཆེན་ཞིང་སྡེའི་ཁྱིམ་སྲུང་བྱིས་པའི་འཁོར་སྐྱོད་ཆེད་དོན་བྱ་བའི་ཚན་ཆུང་གི་ཐེངས་བདུན་པའི་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། སང་ལོར་ཁྱིམ་སྲུང་བྱིས་པའི་འཁོར་སྐྱོད་གཞིས་ཁྱིམ30གསར་འཛུགས་བྱེད་རྒྱུ་གསལ་བོར་གཏན་འཁེལ་བྱས། བསྡོམས་རྩིས་བྱས་པ་ལྟར་ན། མཚོ་སྔོན་ཞིང་ཆེན་ཡོངས་ལ་ཁྱིམ་སྲུང་བྱིས་པའི་འཁོར་སྐྱོད་གཞིས་ཁྱིམ292ཡོད་པ་དང་། དེའི་ནང་ཞིང་ཆེན་རིམ་པའི་གཞིས་ཁྱིམ140དང་གྲོང་ཁྱེར་དང་ཁུལ་རིམ་པའི་གཞིས་ཁྱིམ80། རྫོང་དང་ས་ཁུལ་རིམ་པའི་གཞིས་ཁྱིམ72བཅས་ཡོད། ཞིང་ཆེན་ཡོངས་ཀྱི་བརྩེ་སེམས་མ་མ6085ཡིས་ཁྱིམ་སྲུང་བྱིས་པར་བྱམས་བརྩེ་དང་དངོས་ཟོག་གི་རོགས་སྐྱོར་བྱེད་བཞིན་ཡོད།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག