མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་ལོ་ལྔའི་རིང་ལས་སྐྲུན་འབོར་ཆུང་དངུལ་བུན་སྒོར་དུང་ཕྱུར10བཏང་ནས་བུད་མེད་ཁྲི་གཉིས་ལྷག་ལ་ཕན་ཁེ་བསྐྲུན་པ།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-11-10 10:09

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཐེངས་བཅུ་གཉིས་པའི་བུད་མེད་འཐུས་མི་ཚོགས་ཆེན་གྱི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། ཉེ་བའི་ལོ་ལྔའི་རིང་། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱ་ཆེའི་བུད་མེད་དཔལ་འབྱོར་སྤྱི་ཚོགས་འཛུགས་སྐྲུན་ནང་ཞུགས་པར་རྩ་འཛུགས་སྣེ་ཁྲིད་བྱས་ཏེ། དབུལ་ཕོངས་བུད་མེད་ཀྱིས་ལས་སྐྲུན་བྱེད་པར་རོགས་སྐྱོར་བྱེད་ཆེད། བསྡོམས་པས་དངུལ་བུན་སྒོར་དུང་ཕྱུར10ལྷག་བཏང་སྟེ། བུད་མེད་ཁྲི་གཉིས་ལྷག་ལ་ཕན་ཁེ་བསྐྲུན།

རྒྱུས་ལོན་པ་ལྟར་ན། མཚོ་སྔོན་གྱིས་བུད་མེད་ཀྱི་འབོར་ཆུང་ཉེན་སྲུང་དངུལ་བུན་བཙུགས་པའི་ཁྲོད། མི་སྒེར་གྱིས་འབོར་ཆུང་དངུལ་བུན་བསྐྱི་ཚད་ཆེས་མཐོ་བ་སྒོར་ཁྲི8ཡིན་པ་དང་། བུད་མེད་མཉམ་འབྲེལ་ལས་སྐྲུན་དང་ལས་ཞུགས་བྱེད་པར་མི་རེའི་ཆ་སྙོམས་ཀྱིས་དངུལ་བུན་བསྐྱི་ཚད་ཆེས་མཐོ་བ་སྒོར་ཁྲི10དང་། ངལ་རྩོལ་པ་མང་བའི་ཁེ་ལས་ཀྱི་དངུལ་བུན་བསྐྱི་ཚད་ཆེས་མཐོ་བ་སྒོར་ཁྲི200ཡིན། དབུལ་ཕོངས་བུད་མེད་ཀྱི་ལས་སྐྲུན་ལ་རོགས་སྐྱོར་བྱེད་ཆེད། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་དངུལ་རྩའི་སྡེ་ཁག་གི་རོགས་སྐྱོར་བརྩོན་ལེན་བྱས་ཏེ། བུད་མེད་ཀྱི་ལས་སྐྲུན་འབོར་ཆུང་ཉེན་སྲུང་དངུལ་བུན་བཙུགས་ཞིང་། དངུལ་བུན་བསྐྱི་བའི་གོ་རིམ་ཇེ་ཉུང་དུ་བཏང་བ་དང་། མི་སྒེར་གྱི་འབོར་ཆུང་དངུལ་བུན་གྱི་སྐྱེད་ཀ་དེ་ཀྲུང་དབྱང་ནོར་སྲིད་ཀྱིས100ཡིས་སྐྱེད་ཀ་སྤྲོད་རྒྱུ་ཡིན་པ་དང་། ངལ་རྩོལ་པ་མང་བའི་ཁེ་ལས་ཀྱི་དངུལ་བུན་ལ25ཡི་སྐྱེད་ཀ་སྤྲོད་རྒྱུ་རེད།

ཞིང་ཆེན་བུད་མེད་འཕེལ་རྒྱས་པུའུ་ཡི་པུའུ་ཀྲང་གཞོན་པ་ཡའོ་དབྱང་གིས་མཚམས་སྦྱོར་བྱེད་རྒྱུར། མཚོ་སྔོན་གྱིས་བུད་མེད་ཀྱི་ལས་སྐྲུན་ལ་དངུལ་བུན་རོགས་སྐྱོར་བྱེད་པའི་ལས་གཞི་དེ་གཙོ་བོ་འདེབས་འཛུགས་ལས་རིགས་དང་ལག་བཟོས་ཐོན་རྫས་ལས་སྣོན། བཟའ་བཏུང་ཞབས་ཞུ། གྱོན་ཆས་ལས་སྣོན། ཟས་རིགས་ཚོང་ཟོག་ཕྱིར་འཚོང་སོགས་ཀྱི་ལས་རིགས་ལ་ཁྱབ་ཡོད། དངུལ་བུན་གྱི་རོགས་སྐྱོར་བྱེད་པ་ལས་གཞན། ད་རུང་ཁྱིམ་དོན་ཞབས་ཞུ་ལས་རིགས་དང་ལག་བཟོས་ཐོན་རྫས་ལས་རིགས་ལ་ལས་ཞུགས་ཀྱི་སྟེགས་བུ་བསྐྲུན་རྒྱུ་ཡིན་པ་མ་ཟད། བུད་མེདSYBདངSIYBསོགས་ཀྱི་ལས་སྐྲུན་ནུས་རྩལ་གསོ་སྦྱོང་ལ་ཞུགས་པར་རྩ་འཛུགས་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག