མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ད་ལོའི་ཟླ་དང་པོ་ནས་དགུ་བའི་བར་མཚོ་སྔོན་གྱིས་ཕྱི་རྒྱལ་གྱི་གནས་སྐོར་བ་ཁྲི་བཞི་དང་སྟོང་ལྔ་ལ་སྣེ་ལེན་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-09 11:13

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གནས་སྐོར་ཅུའུ་ཕྱི་ཕྱོགས་འབྲེལ་གཏུག་ཡར་སྐུལ་ཁྲུའུ་ནས་ཤེས་གསལ་བྱུང་བ་ལྟར་ན། ད་ལོའི་ཟླ་དང་པོ་ནས་དགུ་བའི་བར་དུ། མཚོ་སྔོན་ཞིང་ཆེན་གྱིས་ཕྱི་རྒྱལ་གྱི་གནས་སྐོར་བ་ཁྲི་བཞི་དང་སྟོང་ལྔ་ལ་སྣེ་ལེན་བྱས་ཤིང་། དེ་ན་ནིང་ལས་བརྒྱ་ཆའི་བརྒྱད་དང་གྲངས་ཆུང་གསུམ་གྱིས་མང་།

ད་ལོར། མཚོ་སྔོན་ཞིང་ཆེན་ཡུལ་སྐོར་ཅུའུ་ཡིས་ཞང་ཀང་དང་ཨོ་མིན། ཐེ་ཝན། ཧན་གོ ཨེ་ཤ་ཡ་ཤར་ལྷོའི་རྒྱལ་ཁབ་ཁག་སོགས་ཡུལ་སྐོར་ཐོན་ཁུངས་གཙོ་གྲས་སུ་བརྩིས་ནས། ཁྲོམ་རའི་དགོས་དགོར་དམིགས་ཏེ། ཡུལ་སྐོར་དྲིལ་སྒྲོག་འགྲེམ་འཚོང་གི་རྣམ་པ་སྙོམ་སྒྲིག་བྱས། མིག་སྔའི་བར་དུ། ཕྱི་རྒྱལ་དུ་འགྲོ་བའི་ཚོགས་པ་ཉི་ཤུ་རྩ་འཛུགས་བྱས་ནས། མི་བརྒྱད་ཅུ་ལ་ཉེ་བ་ཙམ་ཕྱིར་བསྐྱལ། ཨ་མེ་རི་ཁ་དང་ཧན་གོ འཇར་པན། སེང་ག་ཕོར། མ་ལེ་ཞི་ཡ། ཐེ་གོ་སོགས་ས་གནས་ནས་རྒྱལ་ཁབ་ཡུལ་སྐོར་ཅུའུ་ཡིས་ཡུལ་སྐོར་ཉོ་ཚོང་ཚོགས་འདུ་དང་འབྲེལ་འདྲིས་ཚོགས་འདུ་བསྡུས་པར་མ་ཟད། ཁ་གཏད་རང་བཞིན་གསལ་བའི་སྒོ་ནས་དྲིལ་སྒྲོག་བྱ་འགུལ་རིམ་པར་སྤེལ་མཐར། ཧན་གོ་དང་ཐེ་གོ་སོགས་རྒྱལ་ཁབ་མང་བོས་དོ་སྣང་བྱས།   །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག