མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་རྒྱལ་སྤྱིའི་བརླན་ས་གཙོ་གྲས་གསུམ་གྱི་སྐྱེ་ཁམས་མ་ལག་གི་ཕྱོགས་བསྡུས་བྱེད་ནུས་སྔར་ལས་ཇེ་བཟང་དུ་སོང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-09 11:00

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ལས་ཅུའུ་ནས་ཤེས་གསལ་བྱུང་བ་ལྟར་ན། བརླན་སའི་སྐྱེ་ཁམས་མ་ལག་ལ་དཔྱད་འཇོག་བྱེད་པའི་རྩ་དོན་ལྟར། ཉེ་ལམ་ཀྲུང་གོ་ཚན་རིག་གླིང་གི་རྒྱང་ཚོར་དང་གྲངས་རིག་སའི་གོ་ལ་ཞིབ་འཇུག་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་མཚོ་སྔོན་པོའི་བྱ་གླིང་དང་མཚོ་སྐྱེ་རེངས་དང་སྔོ་རེངས་བཅས་རྒྱལ་སྤྱིའི་བརླན་ས་གསུམ་ལ་དཔྱད་འཇོག་བྱས་ཤིང་། ཚད་ལེན་ཞིབ་རྩིས་བྱས་པ་བརྒྱུད། གཞི་ནས་མཚོ་སྔོན་གྱི་རྒྱལ་སྤྱིའི་བརླན་ས་གཙོ་བོ་གསུམ་གྱི་སྐྱེ་ཁམས་མ་ལག་གི་ཕྱོགས་བསྡུས་བྱེད་ནུས་སྔར་ལས་ཇེ་བཟང་དུ་སོང་ཡོད་པ་གསལ་སྟོན་བྱས།

ཚད་ལེན་ཞིབ་རྩིས་བྱས་པ་ལས་མངོན་པ་ནི། མཚོ་སྔོན་པོའི་བྱ་གླིང་རྒྱལ་སྤྱིའི་བརླན་ས་གཙོ་གྲས་ཀྱི་སྐྱེ་ཁམས་མ་ལག་ཕྱོགས་བསྡུས་ནུས་པ་བདེ་ཐང་ཡིན་ཚད་ལྔ་དང་གྲངས་ཆུང་བརྒྱད་ཡིན་ལ། བདེ་ཐང་གི་ཚད་རིམ་འབྲིང་ཡིན་ཞིང་། ཕྱོགས་བསྡུས་བྱེད་ནུས་ཀྱི་སྟོན་གྲངས་བརྒྱད་ཙམ་རེད། བྱེད་ནུས་ཀྱི་རིམ་པ་བཟང་། མཚོ་སྐྱ་རེངས་རྒྱལ་སྤྱིའི་བརླན་ས་གཙོ་གྲས་ཀྱི་སྐྱེ་ཁམས་མ་ལག་ཕྱོགས་བསྡུས་བདེ་ཐང་ཡིན་ཚད་ལྔ་ཙམ་ལ་ཉེ་ཞིང་། བདེ་ཐང་ཚད་རིམ་འབྲིང་ཡིན་པ་དང་། ཕྱོགས་བསྡུས་བྱེད་ནུས་ཀྱི་སྟོན་གྲངས་བདུན་དང་གྲངས་ཆུང་གཉིས་ལྷག་ཡིན་ལ། ཕྱོགས་བསྡུས་བྱེད་ནུས་ཀྱི་རིམ་པ་བཟང་། མཚོ་སྔོ་རེངས་བརླན་ས་གཙོ་གྲས་ཀྱི་སྐྱེ་ཁམས་མ་ལག་ཕྱོགས་བསྡུས་སྟོན་གྲངས་ལྔ་དང་གྲངས་ཆུང་བདུན་ལྷག་ཡིན་པ་དང་། བདེ་ཐང་ཚད་རིམ་འབྲིང་ཡིན་ལ། ཕྱོགས་བསྡུས་བྱེད་ནུས་ཀྱི་སྟོན་གྲངས་བདུན་དང་གྲངས་ཆུང་གསུམ་ལྷག་དང་། ཕྱོགས་བསྡུས་བྱེད་ནུས་ཀྱི་རིམ་པ་བཟང་།

ཆེད་མཁས་པས་དཔྱད་འཇོག་སྙན་ཞུའི་ཁྲོད་བསྟན་དོན། མཚོ་སྔོན་པོའི་བྱ་གླིང་རྒྱལ་སྤྱིའི་བརླན་ས་གཙོ་གྲས་གསུམ་གྱི་སྐྱེ་ཁམས་མ་ལག་བདེ་ཐང་དང་བྱེད་ནུས་སྔར་ལས་ཇེ་བཟང་དུ་སོང་ཡོད་པས། བསྔགས་འོས་ཀྱི་རིན་ཐང་ཆེན་པོ་ལྡན། སྲུང་སྐྱོབ་ས་ཁུལ་གྱི་ཆུའི་ཐོན་ཁུངས་དང་ཁོར་ཡུག་གི་གནས་བབ་སྔར་ལས་ཇེ་བཟང་དུ་སོང་ཡོད་པ་དང་། ས་ཆ་རང་དགར་བཀོལ་སྤྱོད་བྱས་ཚད་ཆུང་བ། སྙོམ་སྒྲིག་བྱེད་ནུས་ཀྱིས་བྱེད་ཤུགས་ཆེན་པོ་བཏོན་ཡོད་པ་དང་སྦྲགས། རིན་ཐང་ཆེན་པོ་ཞིག་བསྐྱེད་འདུག མཚོ་སྐྱ་རེངས་རྒྱལ་སྤྱིའི་བརླན་ས་གཙོ་གྲས་ཀྱི་རི་སྐྱེས་སྲོག་ཆགས་འཚོ་རྟེན་བྱེད་པར་འཚམ་ཚད་འོས་འཚམ་ཡིན་པ་དང་། བརླན་སའི་རྒྱ་ཁྱོན་སྔར་ལས་ཆེར་བསྐྱེད་བྱུང་ཡོད། མཚོ་སྔོ་རེངས་རྒྱལ་སྤྱིའི་བརླན་ས་གཙོ་གྲས་ཀྱི་ཆུའི་ཁོར་ཡུག་ཇེ་རྒྱས་ཇེ་ལེགས་སུ་སོང་ཡོད་ལ། ཆུའི་གཙང་ཚད་སྔར་ལས་ཇེ་ལེགས་སུ་སོང་བ་དང་། ས་གཤིས་སྔར་ལས་ཇེ་བཟང་ལ་སོང་ཡོད་པས། བརླན་སས་རང་མཁོ་རང་འདོན་གྱི་ནུས་པ་ཅུང་བརྟན་འཇགས་སུ་སོང་སྟེ། རླུང་ཁམས་དང་ཆུའི་ཐོན་ཁུངས། ཆུ་འདོན་པ་བཅས་ཀྱི་སྙོམ་སྒྲིག་བྱེད་ནུས་སྔར་ལས་འབུར་ཐོན་ཅན་དུ་གྱུར་འདུག་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག