མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སྐབས་བཞི་བའི་རབ་མཛེས་མཚོ་སྔོན་གྱི་གླུ་དབྱངས་མཉམ་ལེན་དུས་ཆེན་དང་མི་རིགས་མཐུན་སྒྲིལ་གླུ་དབྱངས་སློབ་རར་སྐྱོད་པའི་བྱ་འགུལ་སྤེལ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-09 10:59

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རིགས་སོ་སོའི་མི་རིགས་གཅིག་སེམས་གཅིག་ལ་སྦྲེལ་ཏེ་ཀྲུང་ཧྭ་ཆེན་མོའི་སྟོབས་ཤུགས་གྲུབ་ནས་རྒྱལ་ཁབ་འབྱོར་ཕྱུག་དང་མི་རིགས་དར་རྒྱས། མི་དམངས་བདེ་སྐྱིད་ལྡན་པ་དང་། འདུན་པ་གཅིག་ཏུ་སྦྲེལ་ནས་མཉམ་དུ་ཀྲུང་གོའི་ཕུགས་འདུན་འགྲུབ་པར་བྱེད་ཅེས་པའི་མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭའི་སྐབས་བཞི་བའི་རབ་མཛེས་མཚོ་སྔོན་གྱི་གླུ་དབྱངས་མཉམ་ལེན་དུས་ཆེན་དང་མི་རིགས་མཐུན་སྒྲིལ་གྱི་གླུ་དབྱངས་སློབ་རར་སྐྱོད་པའི་བྱ་འགུལ་དེ་ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན་གྱི་སྔ་དྲོར་མཚོ་སྔོན་ཞིང་ཆེན་སློབ་གསོ་བྱ་བའི་ཨུ་ཡོན་ལྷན་ཁང་དང་སློབ་གསོ་ཐིན། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཚོ་སྔོན་མི་རིགས་སློབ་ཆེན་ནས་མཉམ་འབྲེལ་སྒོས་སྤེལ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོ་དང་མཐོ་རིམ་སློབ་གླིང་སོ་སོ་སོགས་འཐུས་ཚབ་རུ་ཁག་བཅོ་ལྔ་ཡི་མི་བརྒྱད་བརྒྱ་ལྷག་གི་གླུ་དབྱངས་མཉམ་ལེན་རུ་ཁག་དང་ལྟད་མོ་བ་སྟོང་ལྷག་བྱ་འགུལ་དེར་ཞུགས།

ཛ་དྲག་ཆེ་བའི་འགྲན་སྡུར་བརྒྱུད་རྗེས་མཚོ་སྔོན་སློབ་ཆེན་དང་ལི་ཏུའུ་ས་ཁུལ་གྱི་སློབ་འབྲིང་དྲུག་པ་གཉིས་ལ་སོ་སོར་སློབ་ཆེན་ཚན་ཁག་དང་སློབ་འབྲིང་ཚན་ཁག་གི་ཨང་དང་པོ་ཐོབ། རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་དང་མཚོ་སྔོན་མི་རིགས་སློབ་ཆེན་གཉིས་ལ་སོ་སོར་ཕུལ་བྱུང་རྩ་འཛུགས་ཀྱི་བྱ་དགའ་ཐོབ། མཚོ་སྔོན་མི་རིགས་སློབ་ཆེན་དང་མཚོ་སྔོན་དགེ་ཐོན་སློབ་ཆེན་གཉིས་ལ་སོ་སོར་ཕུལ་བྱུང་འཁྲབ་སྟོན་གྱི་བྱ་དགའ་ཐོབ།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག