མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

དུས་ཚིགས་སྔོན་མ་གསུམ་གྱི་ནང་ཟི་ལིང་གི་གནས་སྐོར་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་རྒྱུན་འཁྱོངས་བྱས་ཏེ་ཡོང་སྒོ་སྒོར་དུང་ཕྱུར་བརྒྱ་ལས་བརྒལ་བ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-11-09 10:30

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས5ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་གནས་སྐོར་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་དུས་ཚིགས་སྔོན་མ་གསུམ་གྱི་ནང་ཟི་ལིང་གི་གནས་སྐོར་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་རྒྱུན་འཁྱོངས་བྱས་ཤིང་། གནས་སྐོར་དཔལ་འབྱོར་གྱི་དམིགས་ཚད་སོ་སོ་མགྱོགས་མྱུར་ངང་འཕར་སྣོན་བྱུང་ཡོད་དེ། གནས་སྐོར་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར་བརྒྱ་ལས་བརྒལ་ཡོད་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། དུས་ཚིགས་དང་པོ་ནས་གསུམ་པའི་བར་ཟི་ལིང་གྲོང་ཁྱེར་གྱིས་བསྡོམས་པས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་མི་ཐེངས་ཁྲི1200.91སྣེ་ལེན་བྱས་ཤིང་། དུས་མཉམ་ལས11.73%འཕར་ཡོད་དེ། ཞིང་ཆེན་དང་གྲོང་ཁྱེར་གྱི་གནས་སྐོར་དམིགས་འབེན་ལས་འགན་གྱི84%ཟིན། གནས་སྐོར་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར105.68མངོན་འགྱུར་བྱས་ཤིང་། དུས་མཉམ་ལས28.41%འཕར་ཏེ། ཞིང་ཆེན་དང་གྲོང་ཁྱེར་གྱི་གནས་སྐོར་དམིགས་འབེན་ལས་འགན་གྱི87%བཅས་ཟིན་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག