མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་འབྲོག་ཁྱིམ་ཁྲི11.3དེང་རབས་ཀྱི་སྡོད་ཁང་གསར་བ་ནང་གནས་སྤར་བ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-11-08 13:32

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ཟླ10བའི་ཟླ་མཇུག་བར་དུ2013ལོའི་འབྲོག་ཁྱིམ3526གནས་སྤར་བའི་ལས་འགན་དང2014ལོའི་འབྲོག་ཁྱིམ3050ཡི་སྡོད་ཁང་གསར་སྐྲུན་ལས་གཞི་ཡོངས་སུ་མཇུག་རྫོགས་པ་རེད། ”ཅེས་པ་དེ་ནི་གསར་འགོད་པས་ཟླ11པའི་ཚེས5ཉིན་ཞིང་ཕྱུགས་ཐིན་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་རེད། ལོ5རིང་ལ་འབད་བརྩོན་བྱས་པ་བརྒྱུད། 2009ལོ་ནས་བཟུང་ལག་བསྟར་བྱེད་འགོ་ཚུགས་པའི《མཚོ་སྔོན་ཞིང་ཆེན་གྱི་འབྲོག་པའི་གཏན་སྡོད་ལས་གཞིའི་འཆར་འགོད》ཁྲོད་གཏན་ཁེལ་བྱས་པའི་འབྲོག་ཁྱིམ་ཁྲི11.3ཡི་གཏན་སྡོད་ལས་གཞི་འཛུགས་སྐྲུན་ལས་འགན་དུས་ཚད་ལྟར་ལེགས་འགྲུབ་བྱུང་ཞིང་། འཛུགས་སྐྲུན་གཞི་ཁྱོན་སྨི་གྲུ་བཞི་མ་ཁྲི776ལ་སླེབས་ཡོད་དེ། ཁྱིམ་ཚང་རེའི་ཆ་སྙོམས་གཞི་ཁྱོན་སྨི་གྲུ་བཞི་མ68.69ལ་སླེབས་ཡོད། དེ་ལས་རང་ཞིང་གི་བོད་ཁུལ་གྱི་འབྲོག་པའི་མང་ཚོགས་མི་ཁྲི53ཀྱི་སྡོད་ཁང་གནད་དོན་ཐག་གཅོད་བྱས་པ་རེད།

འབྲོག་པའི་གཏན་སྡོད་ལས་གཞི་ལག་བསྟར་བྱས་པ་ལས་ཆུ་དང་གློག་གཞུང་ལམ་བཅས་ཀྱི་རྨང་གཞི་སྒྲིག་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་བ་དང་། རྩྭ་ཐང་གི་ཁོར་ཡུག་ལེགས་བཅོས་ཇེ་མགྱོགས་སུ་བཏང་བས། མཐོ་གཤོངས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་རྩྭ་ཐང་གི་རང་བྱུང་མི་ཆོས་མཛེས་ལྗོངས་ཆགས་ཡོད། དེ་དང་ཆབས་ཅིག་འབྲོག་མི་མང་ཚོགས་རྣམས་ཀྱིས་རྫོང་ཁོག་དང་གྲོང་ཁུལ་དུ་གཅིག་བསྡུས་ངང་སྡོད་ཁང་འཛུགས་སྐྲུན་བྱེད་པར་གཟེངས་བསྟོད་དང་སྐུལ་སློང་བྱས་ནས། འབྲོག་མི་རྣམས་ཀྱིས་ཆ་སྙོམས་ངང་རིག་གནས་དང་། སློབ་གསོ། སྨན་བཅོས། འཕྲོད་བསྟེན། ཆ་འཕྲིན་དང་རྒྱང་བསྒྲགས་བརྙན་འཕྲིན་སྡེ་བ་རེ་རེར་འཐེན་པའི་དེང་རབས་ཀྱི་སྤྱི་བའི་ཞབས་ཞུ་བེད་སྤྱོད་ཐུབ་པ་མ་ཟད། འབྲོག་ཁུལ་གྱི་གྲོང་རྡལ་གཅིག་གྱུར་ཅན་དུ་གཏོང་བའི་བྱ་བའི་འཕེལ་རིམ་ལ་སྐུལ་འདེད་བཏང་སྟེ། འབྲོག་པའི་འཚོ་བའི་སྤུས་ཚད་ཕན་ནུས་ལྡན་པའི་ངང་ནས་མཐོར་འདེགས་བྱེད་ཐུབ་པ་བྱུང་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག